[A:༡༥༠བ] དེས་བདག་ལའོ། །ལྷ་བརྒྱད་ཀྱི་རྗེས་གནང་རྫོང་ལུགས་ཀྱི་བརྒྱུད་པ་ནི། ཆོས་རྗེ་བླ་མ་ཡན་འདྲ། དེ་ནས་སྔགས་འཆང་གཟུངས་ཀྱི་དཔལ་བ། བླ་མ་དགེ་ལེགས་བཟང་པོ། ཟུར་བན་ཤཱཀྱ་དཔལ། བླ་མ་རྡོ་རྗེ་རྒྱལ་མཚན། ཡང་ན་བླ་མ་དམ་པ། བླ་ཆེན་ཀུན་དགའ་རྒྱལ་མཚན། རྫོང་པ་ཀུན་དགའ་རྒྱལ་མཚན། མཁན་ཆེན་ནམ་མཁའ་ལྷུན་བཟང་། མུས་སྲད་པ་རྡོ་རྗེ་རྒྱལ་མཚན། ཡང་ན་འཕགས་པ། མཁན་ཆེན་བྱང་ཆུབ་དཔལ། འཛིམ་ཆེན་རྒྱལ་མཚན་དཔལ། པཎ་ཆེན་མ་ཏི། ཐེག་ཆེན་ཆོས་རྒྱལ། ཆོས་རྗེ་ཀུན་དགའ་རྒྱལ་མཚན། ཁྲོམ་ཡོན་པ། མུས་སྲད་པ། བླ་མ་ཤེས་རབ་རིན་ཆེན། ཚར་ཆེན་ཆོས་རྗེ་མན་གོང་གི་ལྕམ་དྲལ་དང་འདྲ། གསང་ཁྲིད་ཀྱི་སྔོན་དུ་འགྲོ་བ་ལྷ་བརྒྱད་ཀྱི་སྟེང་དུ་བེར་ནག་བསྣན་པ་ལྷ་དགུའི་རྗེས་གནང་ཤིན་ཏུ་ཟབ་པ་གཅིག་འབྱུང་བ་འདི་ལ་ཡིག་ཆ་མཁན་།