R133: དཔལ་རྡོ་རྗེ་ནག་པོ་ཆེན་པོའི་ཟབ་མོའི་ཆོས་སྐོར་རྣམས་བྱུང་བའི་ཚུལ་ལེགས་པར་བཤད་པ་བསྟན་སྲུང་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༡༥༣ན
[A:༡༥༣ན] རྦད་བསད་གསུམ་གྱི་བཟླས་ལུང་བཀའ་བསྒོ་དང་བཅས་པ། རྗེ་པའི་དྲུང་དུ། ཆོས་རྗེ་པ་དང་། བླ་མ་ཡར་བསྒོམ་གཉིས་ཀས་གསན། དེ་གཉིས་ལ་རྒྱལ་ཚ་ལུང་མང་པོ་དང་། མཁས་པ་ཡོན་ཏན་ཁྲིམཁན་ཆེན་སེང་བཟང་། དེ་ལ་ཡར་ལུང་པ་སེང་གེ་རྒྱལ་མཚན་གྱིས་གསན་པར་བཤད་པས། སྔོན་གྱི་དུས་སུ་བཟླས་ལུང་ལ་བོད་པ་གཉིས་ཙམ་མཛད་པའི་འཁོར་རྐྱང་གི་རྗེས་གནང་ཞིག་དང་། དིང་སང་ཡོངས་གྲགས་ཀྱི་སྔགས་གསུམ་ག་བཟླས་ལུང་གི་དུས་མཛད་པའི་ཕྱག་ལེན་གཉིས་ཤིག་བྱུང་བ་འདྲ་ཞིང་། སྔགས་འཆང་ཆོས་ཀྱི་རྒྱལ་པོས་ཀྱང་། མིང་སྲིང་གསུམ་གྱི་རྗེས་གནང་གི་ཡི་གེ་དང་། ཟུར་བཀའི་ཡི་གེ་སོ་སོར་མཛད་པའི། སྔ་མ་དེ་ལ་བཟླས་ལུང་ལ་བོད་པ་གཉིས་ཙམ་གྱིས་ཆོག་པ་ཁོ་བོ་སེམས་ཤིང་། འོན་ཀྱང་དཔེ་རྣམས་སུ་བཟླས་ལུང་ལ་སྔགས་གསུམ་ག་བྱེད་པ་བཤད་སྣང་བས། ཡི་གེ་པས་མ་དག་གམ་།