R133: དཔལ་རྡོ་རྗེ་ནག་པོ་ཆེན་པོའི་ཟབ་མོའི་ཆོས་སྐོར་རྣམས་བྱུང་བའི་ཚུལ་ལེགས་པར་བཤད་པ་བསྟན་སྲུང་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༡༥༣བ
[A:༡༥༣བ] སྙམ་པས་དཔྱད་པར་བྱའོ། །གཞན་ཡང་ཟངས་གྲི་སྐོར་གསུམ་ལ་ཡང་རྗེས་གནང་ཟུར་བཀའ་རེ་རེ་ཡོད་པ་ནི། ཡིག་རྙིང་གུང་བསྒྲིགས་ནས་མཛད་པའི་ཕྱིའི་ལས་མཁན་གཅེར་བུ་ཟངས་གྲི་ཅན་དང་། ནང་གི་ལས་མཁན་བེར་ནག་ཟངས་གྲི་ཅན་གྱི་རྗེས་གནང་གི་བརྒྱུད་པ་ནི། རྡོ་རྗེ་འཆང་། རྡོ་རྗེ་གུར། བྲམ་ཟེ་མཆོག་སྲེད། ནོར་བུ་གླིང་པ། དད་བྱེད་གོ་ཆ། ལོ་ཆེན་རིན་བཟང་། བྲག་སྟེང་པ། མལ་ལོ་ཙཱ་བ། ས་སྐྱ་པ་ཆེན་པོ། འགོས་སྟོན་ཚར་སྒང་བ། དགེ་བཤེས་མི་གཡོ་བ། གཤེན་བསྒོམ་བླ་མ་དཔལ། སློབ་དཔོན་ཤེས་རབ་བླ་མ། དམ་པ་ཀུན་དགའ་གྲགས། དགའ་ལྡན་པ་ཀུན་བསོད། གན་པ་རིན་རྒྱལ། བླ་མ་དམ་པ། ཡར་ལུང་པ་ཁུ་དབོནའཇམ་དབྱངས་ནམ་མཁའ་རྒྱལ་མཚནརྒྱ་གར་ཤེས་རབ་རྒྱལ་མཚན། པཎ་ཆེན་འབུམ་ཕྲག་གསུམ་པ། གོང་དཀར་ཆོས་རྗེ་ཚུལ་ཁྲིམས། རྗེ་ཚར་ཆེན། རྗེ་།