[A:༡༥༦ན] རྗེས་གནང་ཡི་གེ་སོགས་དང་། ལས་བཞིའི་མགོན་པོའི་སྐོར་ལ། དཀར་པོ་ཚེ་འཕེལ་གྱི་སྒྲུབ་ཐབས། རྗེས་གནང་གི་ཡིག་ཆུང་། སེར་པོ་རྒྱས་པའི་ཡི་གེ ནག་པོ་དགྲ་བགེགས་སྒྲོལ་བའི་ཡི་གེ དམར་པོ་དབང་སྡུད་ཀྱི་ཡི་གེ ལས་བཞིའི་མགོན་པོའི་མངོན་རྟོགས་ཀྱི་གསལ་བྱེད། མགོན་པོ་སེར་པོའི་རྗེས་གནང་གི་ཡིག་ཆུང་། དེ་དག་གི་གསལ་བྱེད་རྗེ་མཁྱེན་བརྩེ་བ་དང་། མཁན་ཆེན་ཐམས་ཅད་མཁྱེན་པས་མཛད་པ་སོགས་ཡོད་པའི། དིང་སང་བླ་མ་ཕྱི་མ་རྣམས་ཀྱི་ཡི་གེའི་སྟེང་ནས་ཕྱག་ལེན་མཛད་དེ། གནང་བའི་ཐོག་མར་བསྙེན་དུས་ཀྱི་མགོན་པོའི་རྗེས་གནང་གི་བརྒྱུད་པ་ནི། རྡོ་རྗེ་འཆང་། ཀླུ་སྒྲུབ། བ་ལིང་ཏ། སངས་རྒྱས་ཡེ་ཤེས་ཞབས། མར་མེ་མཛད་བཟང་པོ། དཔལ་བདེ་བ། བི་མ་ལ་གུཔྟ། རཏྣ་ཀིརྟི། རཏྣ་བཛྲ། རི་སུལ་གྱི་རྣལ་འབྱོར་མ། གཉན་ལོ་དར་མ་གྲགས། གནམ་ཁའུ་པ།།