[A:༡༥༧ན] མཚུངས་མེད་ཤེས་རབ་ཟླ་བ། རྗེ་རྡོ་རིང་པ། ཚར་ཆེན་ཆོས་ཀྱི་རྒྱལ་པོ། མཁན་ཆེན་གཞོན་ནུ་བློ་གྲོས། གྲུབ་མཆོག་བསོད་ནམས་དབང་པོ། དེས་ས་སྐྱ་པ་ཨ་ནནྡ་ལའོ། །བྲམ་ཟེ་མངགས་གཏད་ཀྱི་བརྒྱུད་པ་ནི། བླ་མ་དམ་པ་ཡན་སྔར་ལྟར། དེ་ནས་བཞི་ཐོག་པ་ཀུན་རིན། བཞི་ཐོག་པ་བདག་ཆེན་བློ་གྲོས་རྒྱལ་མཚན། ཆོས་རྗེ་དགེ་བ་རྒྱལ་མཚན་ནས། རྗེ་ཚར་ཆེན་བར་སྔར་བཞིན། དེ་ནས་རྗེ་མཁྱེན་བརྩེ་བ། རྗེ་དབང་ཕྱུག་རབ་བརྟན། དེས་བདག་ལའོ། །ཡང་བྲམ་ཟེ་མངགས་གཏད་རྫོང་ལུགས་ནས་བརྒྱུད་པ་ནི། འཕགས་པ་ཡན་སྔར་བཞིན་ལས། དེ་ནས་ཞང་སྟོན། བྲག་ཕུག་པ། བླ་མ་དམ་པ། སྔགས་འཆང་གཟུངས། དགེ་ལེགས་བཟང་པོ། ཨ་ནནྡ་མ་ཏི་བཟང་པོ། མུས་སྲད་པ། རྗེ་ཤེས་རིན་པ། མཁན་ཆེན་ཀུན་དགའ་རྒྱལ་མཚན། རྡོ་རིང་ཀུན་རྒྱལ། མཁན་།