[A:༡༦༢ན] དང་བཅས་པ་དེ་དག་གི་བརྒྱུད་པ་ནི། དཔལ་ལྡན་རྒྱལ་པོ་ཡན་རྗེས་གནང་དང་འདྲ་བ་ལས། དེ་ནས་མུས་ཆེན་སངས་རྒྱས་རིན་ཆེན། འཇམ་དབྱངས་དཀོན་མཆོག་རྒྱ་མཚོ། འཁོར་ལོ་སྡོམ་པ་སངས་རྒྱས་རྒྱལ་མཚན། དེས་བདག་ལའོ། །ཡང་ལུགས་གཅིག་ལ། བདག་ཆེན་རྡོ་རྗེ་འཆང་། རྗེ་རྡོ་རིང་པ། རྗེ་ཚར་ཆེན་ཆོས་ཀྱི་རྒྱལ་པོ། རྗེ་མཁྱེན་བརྩེ་བ། རྗེ་བསོད་ནམས་ཆོས་འཕེལ། རྗེ་དབང་ཕྱུག་རབ་བརྟན། དེས་བདག་ས་སྐྱ་པ་ངག་དབང་ཀུན་དགའ་ལའོ། །ཡང་ལུགས་གཅིག་ལ། རྗེ་ཀུན་དགའ་གྲོལ་མཆོག རྗེ་ཞེ་དགོན་པ་བསོད་ནམས་རྩེ་མོ། དེ་གཉིས་ཀ་ལ་ངག་དབང་ཉི་ཟླ་བཟང་པོ། དེའི་དྲུང་དུ་རྗེ་ལོ་ཕུ་བ་ཨ་ནནྡའི་མཚན་ཅན། དེས་ས་སྐྱ་པ་སྔགས་འཆང་ངག་དབང་ཀུན་དགའ་བསོད་ནམས་ལའོ། །ས་སྐྱ་པའི་ཡབ་ཆོས་ཡང་ཕུར་གཉིས་ཀྱི་སྲུང་མ་དཀར་བདུད་ལྕམ་དྲལ་གྱི་རྗེས་གནང་གི་