[A:༡༦༩བ] བསྒྲུབ་པ། འདི་རྣམས་ལ་སྐུ་མདོག་ཕྱག་མཚན་སྒྲུབ་ཚུལ་མི་འདྲ་བའི་ཁྱད་པར་དུ་མ་ཞིག་ཡོད་ཅིང་། སྒྲུབ་ཚུལ་རྒྱས་པ་འདི་དག་ནི་དོན་གྱི་མཁའ་འགྲོ་སྦགས་སྒྲུབ་དང་འདྲ་བར་སྣང་ངོ་། །པུ་ཏྲའི་སྒྲུབ་ཐབས་བསམ་ཡས་ཀྱི་ཀ་བ་ནས་སྤྱན་དྲངས་པའི་གཏེར་མ། དམ་པས་མཛད་པའི་རྒྱས་འབྲིང་བསྡུས་གསུམ། ས་ཆེན་གྱིས་མཛད་པ་གཅིག་སྟེ་ལྔ་ཡོད་པ་རྣམས་ནི་མེ་འབར་མའི་ནང་ན་བཞུགས་པ་ཡིན་ལ། སྒྲུབ་ཐབས་བཀའ་ཁོལ་མའི་དངོས་བསྟན་སློབ་དཔོན་པདྨ་ནས་བརྒྱུད་པའི་པུ་ཏྲའི་ཁོལ་སྒྲུབ་ནི། དམ་པས་མཛད་པའི་ཤན་པ་ལྕམ་དྲལ་གྱི་སྒྲུབ་ཐབས་སུ་གྲགས་པ་འདི་ཡིན་གསུངས་ཐུགས་རྩིས་སུ་མཛད་དེ། གཞན་བདུད་པུ་ཏྲ་དང་། མོན་ཆུང་པུ་ཏྲའི་མན་ངག་ནི་འདི་དང་མི་གཅིག་པའི་རྒྱུ་མཚན་ཞིབ་ཏུ་ཡོད་པས་བསྲེ་བར་མི་བྱའོ། །འདི་ལ་བདག་གི་བླ་མ་མཁན་ཆེན་ཐམས་ཅད་མཁྱེན་པའི་གསུང་གིས། པུ་ཏྲ་ལ་གསང་བའི་ལས་མཁན་པུ་