[A:༡༧༠བ] ཚུལ་ལ་གནང་བའི་མྱུར་ཅིང་རྩུབ་པར་བྱེད་ཅིང་། འདིའི་སྒོ་ནས་རྔ་མདུང་གི་རུ་མཚོན་ལ་བརྟེན་པ་སོགས་མངོན་སྤྱོད་ཀྱི་ལས་མཁན་དུ་འཇོག་ཅེས་རྗེ་བླ་མ་དག་བཞེད་ཅིང་། ཁ་ཅིག་གསང་བའི་ལས་མཁན་དུ་འདོད་པ་ནི་རྒྱུ་མཚན་མེད་པ་ཡིན་ནོ། །འདི་དང་གྱི་ལྗང་ལུགས་ཀྱི་ལས་མགོན་ཆེན་པོ་གཉིས་འདྲ་བར་སྣང་ཡང་། འདིར་མེད་པ་གྱི་ལྗང་ལུགས་ལས་བླངས་པ་ནི་མ་ཡིན་ཏེ། དཔེར་ན་མགོན་པོ་ཉིད་བཞིན་ནོ། །འདིའི་ཡིག་སྐོར་ལ་བྲན་བདུད་གཤིན་རྗེ་ནག་པོའི་སྒྲུབ་ཐབས་གོང་མས་དོ་པ་ལ་གནང་བ། བྲན་བདུད་ཀྱི་ལུང་སྦྱིན་པའི་ཚུལ་ཡར་ལུང་པས་མཛད་པ་སོགས་ཡོད་ཅིང་། སྒོ་མ་བཞི་ནི་མཁའ་འགྲོ་བྱེ་བ་འབུམ་སྡེའི་ནང་ན་སྦས་པའི་མ་མོ་བཞི་ཡོད་པ་དེ་ཡིན་ཟེར། འདི་ལ་འཇམ་དབྱངས་ནམ་མཁའ་རྒྱལ་མཚན་པས་མཛད་པའི་སྒོ་མ་བཞི་བྲན་མོར་སྒྲུབ་པའི་མན་ངག་ཅེས་པའི་ཡི་གེ་ཞིག་ཀྱང་ཡོད་ལ། གཎྜེའི་ཁྲོ་བོ་