[A:༡༧༣ན] བསྒྲུབ་པའི་ལུགས་ཀྱི་གདམ་ངག་གོ །ཞེས་ལྷ་བརྒྱད་ལ་ལྕམ་དྲལ་དུ་གསུངས་པའི་དགོངས་པ་སོགས་རང་གྲོལ་དུ་ཤེས་པ་ཡིན་ཞེས་བླ་མ་དག་གསུང་ངོ་། །དེ་དག་གིས་ནི་རྗེ་ཚར་ཆེན་གྱི་མགོན་པོའི་ཆོས་སྐོར་གྱི་དྲི་བ་ལྷག་བསམ་རབ་དཀར་ལས། སྦགས་སྒྲུབ་སྐབས་སུ་ངོར་ཆེན་ཨ་ནནྡས། །རྒྱུད་དང་གཟུངས་ནས་བཤད་པའི་མ་མགོན་གཉིས། །དགོས་པའི་དབང་གིས་ལྷན་ཅིག་བསྒྲུབ་པ་ལས། །འདི་གཉིས་མིང་སྲིང་ལྟ་བུ་མིན་གསུངས་པ། །གོང་མས་ལྕམ་སྲིང་ཡབ་ཡུམ་སྦགས་སྒྲུབ་ཅེས། །གསུངས་དང་དགོངས་པ་གཅིག་པའི་རྒྱུ་མཚན་གང་། །ལྷ་མོ་རྒྱུད་ནས་གསལ་བར་བསྟན་བཞིན་དུ། །ཆེད་དུ་གཟུངས་ལས་བསྔགས་པའི་བཞེད་པའང་ཅི། །བརྩེ་བ་ཆེན་པོས་སྦགས་སྒྲུབ་རྒྱས་པ་རུ། །ཡབ་ཡུམ་དག་དང་ལྕམ་དྲལ་སྦགས་སྒྲུབ་ཅེས། །ཕྱི་མ་ལྷ་བརྒྱད་དག་ལ་བཞེད་བཞིན་དུ། །ཕྱིས་བྱོན་རྣམས་ཀྱིས་ལྷ་གསུམ་ལྕམ་དྲལ་དུ། །ངོས་བཟུང་