[A:༡༧༤ན] ཡང་རྩུབ། མོ་རྐྱང་དུ་སྒྲུབ་པ་མྱུར་ཏེ་བསྟེན་པ་དཀའ། དེ་གཉིས་ལའང་བཀའ་སྡོད་ལྟར་སྒྲུབ་པ་འཇམ་སྟེ་ཆུན་དཀའོ། །ཚོགས་བདག་ལྟར་སྒྲུབ་པ་ཚན་ཆེ་སྟེ་བུལ་བས་འཁུལ་དཀའ། ཡབ་ཡུམ་དུ་སྒྲུབ་པ་དང་། ལྕམ་སྲིང་དུ་སྒྲུབ་པ་ཙམ་ཚན་ཆེ་སྟེ། རྣལ་འབྱོར་པ་ཆུང་མ་ཅན་ཡིན་ན་བུད་མེད་ལ་གཟན། འཁོར་རྐྱང་རྣོ་ལ་མྱུར་ཏེ་འཁུ་ལྡོག་ཆེ་ཞིང་མཐར་མི་ཤིས། དེས་ན་ལྕམ་དྲལ་འཁོར་དང་བཅས་པའི་སྦགས་སྒྲུབ་ནི་ཚན་ཆེ་བ་དང་མྱུར་ཞིང་ཤིས་ལ། དེས་ན་སྒྲུབ་ཐབས་ཀྱི་སྙིང་པོ་ལྕམ་དྲལ་འཁོར་དང་བཅས་པའི་སྦགས་སྒྲུབ་འདི་ཉམས་སུ་བླང་བར་བྱ་བ་ཡིན་ནོ། །དེ་ལྟ་བུའི་སྒྲུབ་ཐབས་རྣམས་ལས་སྦགས་སྒྲུབ་ཟབ། སྦགས་སྒྲུབ་ལའང་ལྕམ་དྲལ་ཙམ་ལས་ལྷ་བརྒྱད་དུ་སྒྲུབ་པ་ཟབ། བཅུ་གཉིས་སོགས་རྒྱས་ཀྱང་བསྙེན་པ་ཙམ་མ་གཏོགས་ལས་སྦྱོར་སོགས་ཐམས་ཅད་ལྷ་བརྒྱད་ཁོ་ན་ལ་འབྲེལ་ཆགས། བྲམ་ཟེ་མཆོག་སྲེད། སློབ་