[A:༡༧༥ན] དམ་པས་མཛད་པར་གསལ། །སྦགས་སྒྲུབ་ས་ཆེན་མཛད་པར་གསལ་བ་ཡིན། །ཞེས་དམ་པས་རྐྱང་སྒྲུབ་མཛད་པར་བཤད་ཀྱིས། སྦགས་སྒྲུབ་མཛད་པར་མ་བཤད་པས་སོ། །རང་ལུགས་ནི་བདག་ཆེན་ཀུན་དབང་བའི་གསུང་རྒྱུན་དུ་མེ་འབར་མའི་ནང་གི་སྦགས་སྒྲུབ་ཤིན་ཏུ་ལེགས་པ་འདི་འོད་ལྡན་དཔལ་གྱིས་མཛད་པར་བདག་ཆེན་རྡོ་རྗེ་འཆང་བཞེད་པ་ཡིན་ནོ། །ཡང་ཁ་ཅིག་མལ་ལོའི་བསྒྲུབ་ཡིག་འདི་བུ་ལུང་ཀུན་རྡོར་གྱིས་མཛད་པ་ཡིན་ཟེར་བ་ནི་གཞི་མེད་ཀྱི་འཁྲུལ་པ་ཁོ་ནའོ། །གོང་དུ་བཤད་པ་ལྟར་ལྷ་བཅུ་གཉིས་མའི་སྦགས་སྒྲུབ་ལ་ས་ཆེན་གྱི་འདི་འགྲུབ་ན་ལེགས་མོད། འོན་ཀྱང་དགེ་སྦྱོར་ལ་གནོད། ཚིག་པ་ཟ་ཞེས་གསུངས་པའི་སྒོ་མ་བཞི་པོ་འདི་འདོད་པ་ལ་ཆགས་པའི་རྣམ་པ་འཇིག་རྟེན་པའི་ཚུལ་འཛིན་པ་ཡིན་པས། དེའི་རྟེན་འབྲེལ་གྱིས་སྒྲུབ་པ་པོ་ལ་ཚུལ་ཁྲིམས་འཆལ་ལོ་ཞེས་པའི་གླེང་གཞི་ཕྲན་ཚེགས་ཀྱི་