[A:༡༧༦ན] རྐྱང་སྒྲུབ་རྣམ་གཉིས་དམ་པས་མཛད་པར་གསལ། །སྦགས་སྒྲུབ་ས་ཆེན་མཛད་པར་གསལ་ཞེས་པ། །དེ་ལས་འདི་ཉིད་ཆེས་ཆེར་གསལ་བཞིན་དུ། །རྐྱང་སྒྲུབ་ཁོ་ན་ཆེད་དུ་བརྗོད་པ་ཅི། །དམ་པ་ཚད་མར་བྱས་ཕྱིན་འདི་སྦེད་དམ། །མལ་ལོས་མཛད་པའི་བསྒྲུབ་ཡིག་ཆེན་མོ་འདི། །ཁ་ཅིག་བུ་ལུང་ཀུན་རྡོར་གྱིས་མཛད་ཅེས། །སྨྲ་མོད་དེ་ལྟའི་ལོག་རྟོག་གང་ལ་འཁྲུལ། །དགོངས་སམ་ཀྱི་ཧུད་སྙིགས་མའི་ཚུལ་འདི་སྐྱོ། །བཅུ་གཉིས་སྦགས་སྒྲུབ་དག་ལ་ས་ཆེན་གྱིས། །འགྲུབ་ན་ལེགས་མོད་འོན་ཀྱང་དགེ་སྦྱོར་གནོད། །གསུངས་པའི་ཚིག་རིགས་དེ་ཙམ་ཡང་སྣང་བས། །འདི་ཡི་དགོངས་གཞི་གང་ལ་དགོངས་པ་ཡིན། །ཞེས་གསུངས་པའི་དགོངས་པའི་དོན་ཡང་གསལ་བར་བྱས་པ་ཡིན་ནོ། །གསུམ་པ་ངོས་ཟིན་པའི་གདམས་པ་ཉམས་སུ་ལེན་པའི་ཚུལ་བྱེ་བྲག་ཏུ་བཤད་པ་ལ་བཞི་སྟེ། གང་དུ་ཉམས་སུ་ལེན་པའི་གནས། གང་གིས་ཉམས་སུ་ལེན་པའི་