[A:༡༧༨བ] འགྱུར། །ཞེས་དང་། དྲེགས་པ་ཟིལ་གནོན་དུ། འདིའི་ཕན་ཡོན་ནི། ཚེ་འདིར་དགོས་པ་འགྲུབ། ཕྱི་མར་ལམ་སྣ་འདྲེན་གནོད་བྱེད་དགྲ་བགེགས་འདུལ། གསོལ་བ་ཅི་བཏབ་འགྲུབ་པར་འགྱུར། ཞེས་དང་། དེ་སོགས་ནག་པོ་ཆེན་པོ་ཡི། །སྦྱོར་བའི་ཡོན་ཏན་བསམ་མི་ཁྱབ། །ཅེས་གསུངས་པས་སྤྱིར་མགོན་པོ་འདི་ལ་བརྟེན་ནས་ཐུན་མོང་གི་དངོས་གྲུབ་ཐམས་ཅད་འགྲུབ་པར་ནུས་ཤིང་། ལྷག་པར་སྙིགས་མ་ལྔ་བསྡོ་བའི་དུས་འདིར་ནག་ཕྱོགས་ལ་དགའ་བའི་མི་མ་ཡིན་པ་དག་གིས། སྤྱིར་སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་འདི་ཉིད་མ་རུངས་པར་བྱེད་པ་དང་། སེམས་ཅན་རྣམས་ཀྱང་ལོག་པའི་ལམ་ལ་སྦྱོར་ཞིང་ཕན་བདེའི་རྩ་ལག་འཕྲོག་པ་དང་། བསྟན་འཛིན་གྱི་སྐྱེས་བུ་དམ་པ་རྣམས་ཀྱི་འཚོ་བ་རྐྱེན་མེད་དུ་འཇོམས་པར་བྱེད་ཅིང་རང་གི་བཀའ་དྲིན་ནོས་པའི་རྡོ་རྗེ་སློབ་དཔོན་གྱི་སྐུ་ལ་བསྡོ་བ་སོགས་དང་། མཚམས་མེད་ཀྱི་ལས་བྱུང་རྒྱལ་དུ་སྤྱོད་པ།