[A:༡༨༠ན] རྣམས་བརྡར། རྟ་དང་གླང་པོ་སོགས་ཞོན་ནས་ཆས་པ་ལ་དགྲ་ཆེ་གེ་མོ་འདིའོ། །ཡུལ་ཆེ་གེ་མོ་འདི་ཞེས་ངོ་སྤྲད་པས་དེ་རྣམས་ཐོགས་མེད་དུ་གཡུལ་ངོར་ཞུགས་པ་ལྟར། འབྲུབ་ཁུང་དང་། ཐུན་རྫས་དང་། འཁྲུལ་འཁོར་དང་། མིང་རུས་བླ་བཏགས་ཏེ་དེ་དག་དང་ལྡན་པའི་ལིངྒ་སོགས་བཅའ་ཞིང་། སྒྲུབ་པའི་དམིགས་པ་དང་སྔགས་བཟླས་པས་དེའི་རྟགས་འབྱུང་བ་ནི་བསྒྲུབ་པའོ། །དེ་ལྟར་གཡུལ་བསྐྱེད་ཅིང་འཁྲུག་པའི་ཚེ། རྟ་གླང་རྒྱུག་ཅིང་མཆོངས་པ་དང་། གྲི་མཚོན་འདེབས་པ་དང་། ཞགས་པ་འཕེན་པ་སོགས་དྲག་ཏུ་བྱས་པས་ཕ་རོལ་པོ་བསད་པ་དང་། བཅིངས་པ་དང་། ཡུལ་འཕྲོག་པ་སོགས་རང་ཕྱོགས་ཡིད་ཚིམ་པར་འགྱུར་བ་ལྟར། བསད་པའི་སྔགས་དང་། དམིགས་པ་དང་། ཐུན་བྲབས་པ་དང་། སྦྱིན་སྲེག་སོགས་བྱས་པས། ཕྱི་རོལ་ཏུ་དགྲ་བགེགས་ལ་ནད་དུག་མཚོན་དང་ཁྲག་སྐྱུག་པ་སོགས་ཀྱིས་བཏབ་སྟེ།