[A:༡༨༥བ] པའི་གཏམ་རྒྱུད་ལས་ཤེས་སོ། །དེ་དག་གིས་ནི་རྗེ་ཚར་ཆེན་གྱི་མགོན་པོའི་ཆོས་སྐོར་གྱི་དྲི་བ་ལྷག་བསམ་རབ་དཀར་ལས། གཏོར་ཆོག་སྐབས་སུ་རྗེ་བཙུན་ཨེ་ཝཾ་པས། །ལྕམ་དྲལ་ལས་མགོན་བར་དུ་གདོང་བཞི་པའི། །གཏོར་ཆོག་མཛད་པས་འོག་མ་འཁོར་རྐྱང་དུ། །བསྒྲུབ་པར་སོང་ངམ་མིན་ན་འཁོར་རྐྱང་གི །སྒྲུབ་ཐབས་ངོས་བཟུང་ཅི་ཡིན་གོང་མ་ཡིས། །འཕྲལ་རྩུབ་མཐར་མི་ཤིས་པར་བཤད་པ་ཅི། །ཨརྻའི་གཏམ་རྒྱུད་འོག་ཏུ་གཏོར་མ་ཙམ། །ཡང་ན་གཞི་བདག་ཡན་ཆད་སྦགས་སྒྲུབ་འགྱུར། །ཞེས་གསུངས་པའི་དགོངས་དོན་ཡང་གསལ་བར་བྱས་པ་ཡིན་ནོ། །དེ་ལྟར་གཏོར་མ་གསུམ་གྱི་རྣམ་གཞག་མདོ་ཙམ་བཤད་ནས། འཕྲོས་དོན་ལ་གཏོར་མའི་དབྱིབས་དང་། བྱིན་རླབས་སོགས་ཇི་ལྟར་བྱ་བའི་ཚུལ། བསྐང་བཤགས་ཀྱི་གོ་རིམ་དང་། གཏོར་སྒྲུབ་ཀྱི་དོན་བཤད་པ། གཏོར་བཟློག་གི་རྣམ་གཞག་ལ་དོགས་པ་དཔྱད་པ། གཏོར་མ་སྤྱི་སྟབས་མཛད་ཚུལ་ལ་ཕྱག་