[A:༡༩༤བ] པར་བཤད་པ་ལོག་རྟོག་འཇོམས་པའི་ལྷ་དབང་རྡོ་རྗེ་ཞེས་བྱ་བ་བརྩམས་ནས་དེའི་ནང་གི་བརྗོད་དོན་ལ། མཁས་པའི་དབང་པོ་མཆོག་གི་དྲི་བའི་གསུང་བཀོད་པ། དེའི་ལན་བཏབ་སྟེ་སྐལ་བཟང་དཔྱོད་ལྡན་གཟུར་གནས་རྣམས་ཡིད་ཆེས་བསྐྱེད་པ། རྒྱུ་མཚན་དེས་ན་རང་གི་རྗེས་འཇུག་རྣམས་ལེགས་བཤད་འདི་ལ་གཅེས་པར་གཟུང་བར་གདམས་པ་སྟེ། དོན་ཚན་གསུམ་དུ་བསྡུས་ནས། དེའི་གཉིས་པ་ལ་ཡི་གེ་རྙིང་མའི་ཁུངས་བཀོད་པ་དེ་དང་ད་ལྟར་གྱི་ཕྱག་ལེན་སྦྱར་ཏེ་བཤད་པ་དོགས་པའི་གནས་གཞན་དཔྱད་པ་དང་གསུམ་དུ་ཕྱེ་ནས། རང་རེ་ས་སྐྱ་པའི་ཞལ་ངོ་བརྒྱུད་པ་དང་བཅས་པ་རྣམས་ཕྱག་ལེན་མཛད་པའི་དྲུག་ཅུ་པའི་གཏོར་བཟློག་འདི་ཉིད་ཡི་གེ་རྙིང་མའི་ཁུངས་དང་འབྲེལ་ཚུལ་ཞིབ་ཅིང་མཐའ་ཆོད་པར་བཤད་ཡོད་པས། བློ་གསལ་རྟོག་དཔྱོད་ཅན་རྣམས་ཚུལ་འདི་སྐོར་ལ་ངེས་ཤེས་རྙེད་པར་འདོད་ན་ཁོ་བོས་བྱས་པའི་དྲིས་ལན་གྱི་ཡི་གེ་དེ་ཉིད་ལ་བལྟ་བར་གྱིས་ཤིག བཞི་པ་གཏོར་མ་སྤྱི་སྟབས་མཛད་ཚུལ་ལ་