[A:༡༩༦ན] ཕྱི་ནང་གསང་གསུམ་གྱི་མཆོད་པ་གསུམ་གསུམ་ཡོད་དོ། །གཉིས་པ་དངོས་གཞི་ལ་བསྙེན་སྒྲུབ་ལས་གསུམ་གྱི་རིམ་པ་ལ་གསུམ་སྟེ། གཞི་བསྙེན་ནམ་རྒྱུན་གྱི་བསྙེན་པ། སྒྲུབ་བསྙེན་ནམ་ཁ་གསོའི་བསྙེན་པའོ། །དེ་ལ་གཉིས་ཏེ། ཐུན་མོང་བ་དང་། ཐུན་མོང་མ་ཡིན་པའོ། །དང་པོ་ལ་བཟླས་པའི་གྲངས། བཟླས་པའི་གོ་རིམ། བཟླས་པའི་དམིགས་པ། མ་འགྲུབ་ན་སྤོགས་པའི་ཆོ་གའོ། །ཕྱི་མ་འདི་ལ་བཞི་སྟེ། བསྙེན་པའི་བཟླས་པ། མི་འཁུ་བའི་བཟླས་པ། སྲོག་འཕྲོག་གི་བཟླས་པ། སྲོག་གི་ཡང་ཏིག་བླང་བའི་བཟླས་པའོ། །གཉིས་པ་ཐུན་མོང་མ་ཡིན་པ་ལ་གཉིས་ཏེ། སྔོན་འགྲོ་དང་། དངོས་གཞིའོ། །དང་པོ་སྔོན་འགྲོ་ལ་བརྒྱད་དེ། བསྒྲལ་བའི་ཞིང་གསལ་བཏབ་པ། ས་བོན་བསྐྱེད་པ། དམ་ཚིག་བསྲེ་བ། དམ་ཚིག་བསྒྲགས་པ། སྲོག་དབང་དུ་བྱ་བ། སྙིང་པོ་བསྡུ་བ། ཐིག་ལེ་བསྡུས་ཏེ་ཉེ་བར་བྱ་བ། གཟི་མདངས་