[A:༡༩༩བ] ཀྱི་གནད། གཉན་པོ་ལྷའི་གནད། གཉེན་པོ་སྔགས་ཀྱི་གནད། རྫས་ཀྱི་རྡོ་རྗེས་དམ་ལ་གཞག་པའི་གནད། ལས་མཁན་མྱ་ངན་ལས་འདའ་བའི་གནད། དྲག་སྔགས་གོ་བཟློག་གི་གནད་དོ། །གཉིས་པ་ལ་དྲུག་སྟེ། ཆོས་སྐྱོང་རང་ལ་བཟློག་ན་ཇི་ལྟར་བྱ་བ། དགྲ་ལ་རྡུགས་ན་ཇི་ལྟར་བྱ་བ། བར་དུ་ལྡང་ན་ཇི་ལྟར་བྱ་བ། འཁྱམས་ན་ཇི་ལྟར་བྱ་བ། ལས་མ་བཏུབ་ན་ཇི་ལྟར་བྱ་བ། རྦོད་ཀ་འདོམ་ན་ཇི་ལྟར་བྱ་བའོ། །གསུམ་པ་ལ་ལྔ་སྟེ། མལ་འོག་རྫས་ཀྱི་གནད་ལ་བརྟེན་ནས་མ་མགོན་གྱི་སྲོག་སྙིང་ལྟར་བཟུང་བའི་མན་ངག རྣོ་ཞིང་མྱུར་བའི་ངར་འདོན་པ་སྤུ་གྲི་སོ་འདེབས་ཀྱི་མན་ངག བཙན་པོའི་མཁར་དུ་ཞུགས་ཤིང་བྱིན་རླབས་དང་ནུས་མཐུའི་སྟོབས་འདོན་པའི་ཆེད་དུ་གའུ་ཁ་སྦྱོར་གྱི་མན་ངག གཟི་བརྗིད་དང་ནུས་མཐུའི་རྩལ་འདོན་པའི་ཆེད་དུ་ངན་སྔགས་ཀྱི་དུག་མདའ་ཁོང་དུ་འཕངས་པའི་མན་ངག ཆོས་སྐྱོང་གི་སྲོག་སྙིང་