[A:༢༠༢བ] ལས་གསང་བའི་རྒྱུད་ཀྱིས་བསྟན་ཚུལ་ངེས་པ་ཅན་ཞིག་སྔར་མ་མཐོང་བས་སྨྲ་བར་མ་སྤོབས་ལ། ནང་སྒྲུབ་འདི་ལ་རྩ་གསུམ་ལ་བརྟེན་པའི་ཡི་གེ་ཉུང་ངུ་གོང་མས་མཛད་པ་དང་། དེའི་རྗེས་སུ་དེ་ཉིད་ཅུང་ཟད་རྒྱས་སུ་བཏང་བ་དང་། གསང་རྟེན་ལུས་ལ་བཅངས་པའི་ཡིག་ཆུང་དམ་པས་མཛད་པ་ཡོད་པ་ལ། གཞན་ཡང་མཧཱ་ཀ་ལའི་སྤུ་གྲི་སོ་འདེབས་ཀྱི་མན་ངག་ཅེས་བྱ་བ་ཧ་ཅང་མི་ཉུང་ཙམ་ཞིག་ཀྱང་འབྱུང་ཞིང་། དེས་ན་འདི་ནི་ནང་གི་མན་ངག་བསྙེན་སྒྲུབ་ལས་གསུམ་ཆ་ཚང་བ་ཞིག་ཡིན་པར་བཞེད་ལ། ཁྱད་པར་སྙིང་ག་ཆོས་འཁོར་ལ་བརྟེན་པའི་ཐུན་མོང་མ་ཡིན་པའི་ལས་སྦྱོར་ནི། རྡོ་རྗེ་གུར་ལས། དེ་ཡི་སྤྱི་བོར་འདུག་ནས་ནི། །ཏིལ་ཙམ་དུ་ནི་ཟ་བར་བྱེད། །ཅེས་པའི་དོན་ཡིན་པར་བླ་མ་དག་གསུང་ངོ་། །གཞན་ཡང་འདི་ཉིད་ཡིག་རྙིང་ཚད་ལྡན་མང་པོ་ལས་ཟུར་ཙམ་བཤད་དེ། ལྕམ་དྲལ་གྱི་རྗེས་གནང་གི་ཐོ་མལ་ལོས་མཛད་པ་ལས་ཀྱང་། ཡོན་ཏན་སྒྲུབ་པའི་ལུང་སྦྱིན་