[A:༢༠༨བ] མཐོང་བའི་གསང་བའི་མགོན་པོས་སྐྱོངས། །དེ་ལྟར་ཕྱི་ཡི་དྲེགས་པ་རྒྱུད་གསུམ་ལ། །རྣམ་དྲུག་རྟེན་དང་གཏོར་མ་གསུམ་ལ་སོགས། །བཤམས་ནས་བཟླས་བརྗོད་བསྐང་བཤགས་བསྟོད་བསྐུལ་གྱིས། །མཉེས་པར་བྱས་པས་ལས་བཞིའི་དོན་ཀུན་འགྲུབ། །ལུས་ལ་གྲུབ་པའི་ནང་གི་རྒྱུད་གསུམ་པོ། །དམིགས་རིམ་ཟབ་མོའི་བྱང་སེམས་དབབ་བཟློག་དང་། །རླུང་སྦྱོར་བཟླས་པའི་སྔགས་ཀྱིས་རྒྱུད་བསྐུལ་བས། །བདེ་ཆེན་མགོན་པོས་འཛུམ་ཞལ་སྟོན་པར་ངེས། །གསལ་སྟོང་ཟུང་འཇུག་གསང་བའི་རྒྱུད་གསུམ་དེ། །བརྗོད་བྲལ་བློ་འདས་མཆོད་པས་དགྱེས་བྱས་ན། །ཚེ་འདིར་སེམས་ཉིད་རྟོག་མེད་ཆོས་སྐུ་དང་། །ལུས་ཉིད་འཇའ་ལུས་རྡོ་རྗེའི་སྐུ་འགྲུབ་གྱུར། །དེ་འདྲའི་འབྲས་བུ་ཚེ་འདིར་མ་ཐོབ་ན། །འཆི་བ་འོད་གསལ་ཞེས་བྱའི་སྒྲ་བོ་ཆེ། །ཡང་ཡང་འཕྲད་པའི་མཛའ་བོ་དེ་མཐོང་བས། །ངོ་ཤེས་ནང་གི་འཕོ་བས་དུས་དེར་གྲོལ། །དེར་ཡང་འཁྲུལ་ནས་བར་དོར་འཁྱམས་གྱུར་ན། །བླ་མ་བསྟན་སྲུང་