[A:༤༣བ]ནུབ་བྱང་གི་བདུད་ཐམས་ཅད་ཀྱི་གཙོ་བོ་བདུད་ནག་པོ་རལ་པ་སྤྱི་ཕྱིངས་ཞེས་བྱ་བར་གྱུར། སྲིང་མོ་ནི་བྱང་ཤར་གྱི་གནོད་སྦྱིན་མོ་ཐམས་ཅད་ཀྱི་གཙོ་མོ་སྲིན་མོ་ནག་མོ་གསེར་གྱི་སྤུ་གྲི་མ་ཞེས་བྱ་བར་གྱུར། དེ་དག་ནང་དུ་སྐྱེ་འགྲོ་རྣམས་ཀྱི་སྲོག་བདུད་ཀྱི་ཚུལ་དུ་ལུས་ཀྱི་གནད་ལ་གནས་པ་ནི། མིང་པོ་ཆེ་བ་གཤིན་རྗེ་ནི་ལྟག་པའི་བདུད་རྩ་ནག་པོ་ལ་གནས། མིང་པོ་ཆུང་བ་བདུད་ནི་སྙིང་དཀར་ནག་མཚམས་ཀྱི་རྩ་མདུད་ལ་གནས། སྲིང་མོ་ནི་སྲོག་རྩ་ལ་གནས་ནས་སེམས་ཅན་ཐམས་ཅད་ཀྱི་སྲོག་བདུད་དབུགས་ལེན་གྱི་ལས་བྱེད་པར་གྱུར་ཏེ། ཐོག་མར་རང་གི་གཤེད་མ་བསད་འཕྲལ་དུ་རང་གི་བྲན་དུ་སྐྱེས་པ་ནི། རུ་འདྲེན་སྡེ་བཞིར་གྲགས་ཏེ། སྐྱེས་པ་རྣམས་བཙན་རྒོད་དུ་སྐྱེས་པ། གཡས་ཀྱི་རུ་འདྲེན་པ་སྐྱེས་པ་སྟག་ཆས་བརྒྱན་པ་བརྒྱ། བཙུན་པ་རྣམས་སྲོག་བདག་རྒྱལ་པོར་སྐྱེས་པ། གཡོན་གྱི་རུ་འདྲེན་པ་ཉན་ཐོས་དགྲ་བཅོམ་པ་བརྒྱ། སྔགས་པ་རྣམས་གཟའ་རྒོད་དང་བདུད་ནག་ཏུ་