[A:༤༦ན]ཚོད་དང་མཐུན་པར་ཚུལ་དུ་མ་སྟོན་པ་ནི་འདི་ཙམ་མོ་ཞེས་ཚད་གཟུང་བར་ག་ལ་ནུས། དེ་ལྟར་ན་རྒྱ་བསྟོད་ཚད་ལྡན་སྲིན་གཟུགས་མ་ལས། གྲོང་ཁྱེར་གསུམ་བརྩེགས་འཇིགས་བྱེད་པ། །ཞེས་དང་། དེའི་ཁ་སྐོང་བོད་བསྟོད་ཚད་ལྡན་ལས། མཧཱ་དེ་ཝིའི་སྲས་པོ་དྲག་ཤུལ་ཆེ། །ཞེས་དང་། ལེགས་ལྡན་ནག་པོ་གྲོང་ཁྱེར་གསུམ་བརྩེགས་དགྲ། །ཞེས་སོགས་གསུངས་པ་ཇི་ལྟར་དྲངས་ལེགས་པར་སོམས་ཤིག དོན་འདི་དག་ལ་དགོངས་ནས་རྗེ་ཚར་ཆེན་གྱི་མགོན་པོའི་ཆོས་སྐོར་གྱི་དྲི་བ་ལྷག་བསམ་རབ་དཀར་ལས། སྔོན་བྱུང་ལོ་རྒྱུས་སྐབས་སུ་བཤད་རྒྱུད་ལས། །སྟོན་པའི་དངོས་ཀྱི་སྤྲུལ་པར་བཤད་པ་དང་། །བྱུང་ཚུལ་འགའ་རུ་དབང་ཕྱུག་ཆེན་པོ་ཡི། །སྲས་སུ་བཤད་པ་ཁ་ཅིག་འགལ་ཞེས་གླེང་། །འགལ་ན་རྒྱུད་ཉིད་གཙོ་མོད་དེ་ལྟར་ནའང་། །རྒྱ་བསྟོད་ཡོངས་གྲགས་ཚད་ལྡན་འདི་ཉིད་ལས། །མ་ཧཱ་དེ་བའི་སྲས་པོ་དྲག་ཤུགས་ཅན། །ཞེས་སོགས་གསུངས་པའི་