[A:༥༡བ]ཞིང༌། །
ངོ་མཚར་མཛད་བའི་དབའ་རླབས་ཆེར་གཡོ་བ། །
རྣམ་ཐར་མ་དྲོས་དབང་པོའི་འཇུག་ངོགས་ནས། །
ཆུ་ཐིགས་ཙམ་ཞིག་དད་པའི་སྐྲ་རྩེས་བླངས། །
ཁྱེད་ཀྱི་རྣམ་ཐར་ནམ་མཁའི་མཐའ་འདྲ་བ། །
བློ་ལྡན་འདབ་བཟང་གིས་ཀྱང་མ་རྟོགས་ན། །
བདག་བློ་བུང་བ་གཞོན་བུའི་གཤོག་རྩལ་གྱིས། །
ཆ་ཡི་ཆ་ཙམ་རྟོགས་པར་ག་ལ་ནུས། །
འོན་ཀྱང་འབྲུག་གི་རྔ་ཆེན་སྒྲོག་པའི་ཚེ། །
གཙུག་ལྡན་སྙན་པའི་ཀླུགླུ་དབྱངས་ལེན་པ་ལྟར། །
ཁྱུང་ཆེན་མཁའ་ལ་ལྡིང་བའི་འཇུག་ངོགས་སུ། །
སྦྲང་བུའང་འདབ་མ་གཡོ་བར་མི་བྱེད་[C:362]དམ། །
མཐོང་ཐོས༌[B:༩༥] དྲན་དང་རེག་པ་ཙམ་གྱིས་ཀྱང༌། །
སྲིད་པའི་ཆུ་ཀླུང་མ་ལུས་སྐེམས་བྱེད་པ། །
ཁྱོད་སྐུ་ཡིད་བཞིན་ནོར་བུའི་ཡོན་ཏན་དེ། །
རྟག་ཏུ་ལན་གཅིག་མིན་པར་ཡིད་ལ་མནགས། །
དེ་སླད་ཚིག་སྦྱོར་དམན་དང་མ་རྟོགས་དང༌། །
ལོག་རྟོག་ཐེ་ཚོམ་དྲི་མས་སྦགས་པ་ལས། །
རྙོག་མར་བྱས་གང་བཟོད་པའི་ཡིད་བཞིན་དབང༌། །
ཆུ་དངས་ནོར་བུའི་འོད་ཀྱིས་དངས་པར་མཛོད། །
འདིར་འབད་ལས་བྱུང་དགེ་བའི་ཕུང་པོ་ནི། །
ཁ་བ་དུང་དང་ཆུ་ཤེལ་ཀུ་མུ་ད། །
གངས་རི་ལྟར་དཀར་ཅུང་ཟད་ཐོབ་པ་དེས། །
འགྲོ་བློའི་མུན་པ་རྟག་ཏུ་སངས་གྱུར་ཅིག།།
ཅེས་པ་དཔལ་ལྡན་བླ་མ་དམ་པའི་རྣམ་ཐར་ངོ་མཚར་གྱི་རྒྱ་མཚོ་ཟད་མི་ཤེས་པའི་ཡོན་ཏན་གྱི་གཏེར་ཞེས་བྱ་བ་འདི་ནི། རྗེ་བཙུན་དམ་པ་དེ་ཉིད་ལ་མི་ཕྱེད་པའི་དད་པ་མངའ་བ་མང་དུ་ཐོས་ཤིང་རིགས་པ་སྨྲ་བའི་བཤེས་གཉེན་ཆེན་པོ་བཀའ་བཅུ་འཛིན་པ་དགེ་འདུན་གྲགས་པས་ནན་ཏན་ཏུ་བསྐུལ་བ་ལ་བརྟེན་ནས། ཤར་དྭགས་པོའི་པཎྜི་ཏ་གསུམ་པ་དཔལ་ཕྱོགས་ཐམས་ཅད་ལས་རྣམ་པར་རྒྱལ་བའི་ལྷ་མིང་གཞན་མང་དུ་ཐོས་པའི་དགེ་སློང་ཆོས་སྨྲ་བ་ཀརྨ་འཕྲིན་ལས་པ་ཞེས་བྱ་བས། ལྕགས་མོ་ལུག་གི་ལོ་ཧོར་ཟླ་བདུན་པའི་ཡར་ཚེས་བཟང་པོ་