R137: ཀུན་མཁྱེན་བཀྲ་ཤིས་རྣམ་རྒྱལ་གྱི་རྣམ་པར་མཐར་པ་ངོ་མཚར་གྱི་རྒྱ་མཚོ།

  • Pagination (Witness A): ༨བ
[A:༨བ]སོགས་རང་རྒྱུད་ཀྱི་གཞུང་མང་པོ་དང༌། སྒོམ་རིམ་ཐོག་མཐའ་བར་གསུམ་སོགས་ཉམས་ལེན་སྟོན་པའི་དབུ་མའི་གཞུང་དཔག་ཏུ་མེད་པ་ལ་མཁས་པར་སྦྱངས། བྱམས་པའི་ཆོས་ལྔ། དེ་དང་འབྲེལ་བའི་ཆོས་སྡེ་ཉི་ཤུ། དེར་མ་འདུས་པའི་མངོན་པ་གོང་འོག་གི་གཞུང་མང་པོ། འདུལ་བ་ལུང་སྡེ་བཞིའི་སྙིང་པོར་གྱུར་པ་སོ་སོ་ཐར་བའི་མདོ་དང་མདོ་རྩ་བ་རྒྱ་ཆེར་འགྲེལ་དང་བཅས་པ་གསན་ཞིང༌། མེ་ཏོག་ཕྲེང་རྒྱུས་ལ་ནན་ཏན་དུ་མཛད། ཚིག་ལེའུར་བཅས་པ་སུམ་བརྒྱ་པ། འོད་ལྡན་སོགས་འདུལ་བའི་གཞུང་ལུགས་འགྲེལ་པ་འགྲེལ་བཤད་དང་བཅས་པ་རྣམས་དང༌། རྣམ་འགྲེལ་ངེས་སོགས་སྡེ་བདུན་འགྲེལ་པ་འགྲེལ་བཤད་དང་བཅས་པ། ཚད་མ་རིགས་པའི་གཏེར་རང་གི་འགྲེལ་པ་དང་བཅས་པ་སོགས་གསུང་རབ་ཕལ་ཆེ་བ་ལ་མི་འཕྲོགས་པའི་སྤོབས་པ་བརྙེས་པར་མཛད། ཀྱཻ་རྡོ་རྗེའི་རྒྱུ་དུས་ཀྱི་དབང་བསྐུར་བ་སྔོན་དུ་འགྲོ་བས་སྣང་བ་གསུམ་གྱི་ཁྲིད་དང་ལམ་འབྲས་ཀྱི་ཆ་ལག་འགའ་ཞིག་ལུང་ཐབས་སུ་གསན། གསང་འདུས་མི་བསྐྱོད་པའི་དབང་དང༌། རྒྱུད་འགྲེལ་ཆེན་སྒྲོན་མ་གསལ་བ་དང་སྦྱར་བའི་བཤད་པ་དང༌། རིམ་ལྔའི་ཁྲིད་སོགས་རྫོགས་རིམ་གཞན་མང་པོ་དང༌། ངན་སོང་སྦྱོང་རྒྱུད་དང་ཀུན་རིག་གི་བཤད་པ་ཞི་བྱེད་བརྒྱུད་པ་ཕྱི་མའི་དབང་ལུང་མན་ངག་དང་བཅས་པ། བཀའ་བསྲུངས སྲུང་ཨ་གྷཽ་རའི་རྗེས་གནང༌། སྒྲུབ་ཐབས༌[B:༢༡] ལས་རིམ་དང་བཅས་པ། ཕོ་གཅོད་བྲུལ་མཚོ་དྲུག་པའི་སྐོར་ཚང་མ་དང༌། མོ་གཅོད་ཀྱི་སྐོར་མང་པོ་ལ་སོགས་པ་ཕ་དམ་པ་ནས་བརྒྱུད་པའི་ཐུགས་དམ་གྱི་སྙིང་པོ་རྣམས་ཀྱང་ཚང་བར་[C:271]གསན། སྐྱེས་བུ་གསུམ་གྱི་ལམ་གྱི་རིམ་པ་དང༌། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཁྲིད་དང༌། ཐང་སག་པའི་ལུགས་ཀྱི་དབུ་མའི་ལྟ་ཁྲིད་དབུ་མ་སྙིང་པོའི་ལྟ་ཁྲིད་སོགས་ཉམས་ལེན་གྱི་ཁྲིད་རིམ་