[A:༨ན]མི་འདྲ་བ་མང་པོ་[C:269]དང་སྒྲུབ་ཐབས། ལས་ཚོགས། བསྟོད་པ། བསྐང་བསོ་དང་བཅས་པ་མང་པོ་དང༌། འཇམ་དབྱངས་ཀྱི་ཆོས་སྐོར་རིགས་མི་འདྲ་བ་མང་པོ་གསན་ནས་མཁྱེན་པར་མཛད་ཅིང༌། དམ་པ་དེའི་བཀའ་དྲིན་ལས་དགུང་ལོ་བཅུ་བཞི་པ་ནས་བཟུང་སྟེ་འཇིགས་མཛད་ལྷ་དགུ་མ་ལ་ཐུགས་དམ་དུ་མཛད་ནས་སྐུ་ཇི་སྲིད་འཚོའི་བར་དུ་འཆག་མེད་དུ་མཛད་དོ། །གྲྭ་ཚང་དེའི་སློབ་ཆུང༌། གཙང་སྣར་ཐང་པ་ཤེས་རབ་སེང་གེ་ལས་ཀྱང་དབུ་མ་རིག་པའི་ཚོགས་མ་ལུས་པ་དང་ཚད་མ་སྡེ་བདུན་མདོ་དང་བཅས་པའི་དེ་ཁོ་ན་ཉིད་ཐུགས་སུ་ཆུད་པར་མཛད་ལ། འདུལ་བ་འབུམ་སྡེའི་མངའ་བདག་སྐྱོར་མོ་ལུང་པ་བསམ་གཏན་འཕེལ་ལས། མདོ་རྩ་བ་གཙོ་བོར་གྱུར་པའི་འདུལ་བའི་གཞུང་ལུགས་མ་ལུས་པ་རྣམས་ཀྱི་ཚིག་དོན་དང༌། ཀུན་ལས་བཏུས་དང༌། མཛོད་ལ་སོགས་པ་མངོན་པའི་གཞུང་ལུགས་རྒྱ་མཚོ་ལྟ་བུ་ལ་མཁས་པར་བསླབས་ཤིང༌། མཁས་པ་ཆེན་པོ་སུ་མ་ཏི་ཀིརྟིའི་ཞལ་ལས་ཀྱང་དབུ་མའི་གཞུང་ལུགས་མང་པོ་དང༌། འདུལ༌[B:༢༠] བའི་བཤད་པ་ལག་ལེན་དང་བཅས་པ་ལེགས་པར་གསན་ནོ། །ཁྱད་པར་དུ་ཡང་རྒྱལ་བ་མ་ཕམ་པའི་ཐུགས་ཀྱི་སྲས་དམ་པ་རོང་སྟོན་ཤེས་བྱ་ཀུན་རིག་གི་ཞལ་ལས་སྡེ་སྣོད་ཕལ་ཆེ་བ་གསན་ནས་མཁས་པའི་དབང་པོར་གྱུར་ལ། བྱེ་བྲག་ཏུ་ཤེས་རབ་ཀྱི་ཕ་རོལ་ཕྱིན་པ་རྒྱས་འབྲིང་བསྡུས་པ་གསུམ་གྱི་བཤད་པ་དང༌། མངོན་པར་རྟོགས་པའི་རྒྱན་འགྲེལ་པ་དང་བཅས་པའི་བཤད་པ་ལ་ནན་ཏན་དུ་མཛད། རིགས་ཚོགས། བཞི་བརྒྱ་པ། སྤྱོད་འཇུག་སོགས་གཞུང་ཕྱི་མོའི་དབུ་མ་རྣམས་འགྲེལ་པ་དང་བཅས་པ་དང༌། འཇུག་པ་རྩ་འགྲེལ་སོགས་ཐལ་[C:270]འགྱུར་གྱི་གཞུང་མང་པོ་དང༌། རྟོག་གེ་འབར་བ་རྩ་འགྲེལ་