[A:༩བ]རྒྱ་གཞུང་མན་ངག་དང་བཅས་པ་ཡོངས་སུ་རྫོགས་པ་དང༌། གྲི་གུག་བཅུ་བདུན་མའི་དབང་རྗེས་གནང་དང་དུར་ཁྲོད་ནག་པོའི་རྒྱུད་ཀྱི་ཆོས་སྐོར་སོགས་གྱིཀྱི་ལྗང་ལུགས་རྣམས་དང༌། མགོན་པོ་རྟག་ཞོནསྟག་ཞོན་གྱི་སྐོར་ལ་སོགས་པ་གསར་རྙིང་ཐུན་མོང་བའི་ཆོས་སྐྱོང་མང་པོའང་གསན་པས་འཕྲིན་ལས་མཐའ་དག་ཐོགས་མེད་དུ་བསྒྲུབ་ལ། ཕུར་པ་ལྷ་ཁྲའི་དབང་དྲག་པོ་བསྒྲོལསྒྲོལ་དབང་དང་བཅས་པ། ལུང་ལག་ལེན། བཀའ་བསྲུངསསྲུང་དཀར་བདུད་ཀྱི་སྐོར་དང་བཅས་པ། རྗེ་བླ་མ་དམ་པ་ནས་རྒྱུད་པའི་དུས་ཀྱི་འཁོར་ལོའི་ཆོས་སྐོར་རྣམས་དང༌། ཡོག་ཆེན་རྣམས་ཀྱི་དབང་ལུང་མན་ངག་ཡོངས་སུ་རྫོགས་པ་དང༌། གཞན་ཡང་དཔལ་ལྡན་ས་སྐྱ་པ་ལ་གྲགས་པའི་དབང་ལུང་མན་ངག །ལས་རིམ་ལ་སོགས་པ་མཐའ་དག་དང༌། མདོ་མང་སོགས་ལུང་ཀྱང
ཡང་དཔག་ཏུ་མེད་པ་གསན་ཞིང༌། རྡོ་རྗེ་འཇིགས་བྱེད་ཀྱི་དབང་བསྐུར་བ་ལྷ་མང་ཉུང་སོགས་ཀྱི་དབྱེ་བས་ཐ་དད་པ་དུ་མ་དང༌། རྒྱུད་རྟོག་བདུན་སོགས་ཀྱི་བཤད་པ་ལག་ལེན་དང་བཅས་པ་དང༌། རྭ་རྩེ་སེམས་འཛིན་དང༌། མཚན་མ་གྱེན་འགྲེང་སོགས་ལ་ཉམས་ཁྲིད་དུ་མཛད་ཅིང༌། ར་པོད་ཡོངས་རྫོགས་ཀྱི་ལུང་ལག་ལེན་དང་བཅས་པ་གཤེད་དམར་གྱི་དབང་རྣམས་དང༌། རྣམ་རྟོག་འོད་གསལ་གྱི་བྱིན་[C:273]བརླབས། ཤིན་དུ་སྤྲོས་མེད་ཀྱི་ཁྲིད་ཆ་ལག་དང་བཅས་པ།
སྦྲ་ནག་དང་གདོང་དྲུག་གི་ཆོས་སྐོར་རྣམས་དང༌། ལས་ཀྱི་གཤིན་རྗེ་དམར་ནག་གི་རྗེས་གནང་བསྒྲུབ་ཐབས་ལས་ཚོགས་དང་བཅས་པ་དང་དམག་ཟོར་རྒྱལ་མོའི་སྐོར་སོགས་ཆོས་སྐྱོང་མི་འདྲ་བ་མང་པོ་དང༌། རྒྱུད་པ་གཞན་ལ་གྲགས་པའི་ཆོས་ཀྱི་རྣམ་གྲངས་སོགས་དམ་པ་འདི་ཉིད་ལ་ཇི་སྙེད་ཅིག་བཞུགས་སོ་འཚལ་བུམ་པ་གང་བྱོའི་ཚུལ་དུ་གསན་ནས་