[A:༡༠ན]མཁྱེན་པར་མཛད།
Teachings from Ngor chen
རྡོ་རྗེ་འཆང་ཆེན་པོ་ཀུན་དགའ་བཟང་པོའི་ཞབས་པད་ཉེ་བར་བསྟེན་ནས། བདེ་དགྱེས་འཇིགས༌[B:༢༣] གསང། དུས་འཁོར། འཁོར་ལོ་སྡོམ་ཆེན་ལ་སོགས་པ་དབང་བསྐུར་བ་མང་པོ་དང༌། རྒྱུད་གསུམ་ལ་སོགས་པ་རྒྱུད་སྡེའི་བཤད་པ་མང་པོ་དང༌། ལམ་འབྲས་ལ་སོགས་པ་མན་ངག་བསམ་གྱིས་མི་ཁྱབ་པ་དང༌། ས་སྐྱ་བཀའ་འབུམ་ལ་སོགས་པ་ལུང་གི་ཚོགས་དཔག་ཏུ་མེད་པ་དང༌། དམར་པོ་སྐོར་གསུམ་དང༌། གུར་ཞལ་གྱི་སྐོར་ལ་སོགས་པ་ལས་རབ་འབྱམ་བསྒྲུབ་པའི་ཐབས་མང་པོ་དང༌། རྗེ་ཉིད་ཀྱི་བཀའ་འབུམ་ཡོངས་སུ་རྫོགས་པ་སྟེ། དཔལ་ལྡན་ས་སྐྱ་པའི་ཆོས་ལུགས་བཞུགས་སོ་འཚལ་དང༌། རས་ཆུང་སྙན་རྒྱུད་ཀྱི་སྐོར་དབང་ལུང་མན་ངག་དང་བཅས་པ་ཡོངས་སུ་ཚང་བ་དང༌། རྒྱུད་པ་གཞན་ལས་བྱུང་བའི་གདམས་པའང་མང་དུ་གསན། རྔོག་བྱང་ཆུབ་དཔལ་བ་ལ་དཀྱིལ་འཁོར་བདུན་གྱི་དབང༌། མ་རྒྱུད་གསུམ་དང༌། མཚན་བརྗོད་རྣམས་ཆ་ལག་དང་བཅས་པའི་བཤད་པ། རྒྱུད་སྡེ་རྣམས་ཀྱི་རྫོགས་པའི་རིམ་པ་མང་དག་དང༌། བཀའ་བསྲུངས་དུད་སོལ་གྱི་ཆོས་སྐོར་ཚང་བ་ལ་སོགས་པ། རྔོག་པ་ལ་[C:274]གྲགས་པའི་ཐུན་མོང་མ་ཡིན་པའི་ཆོས་འཁོར་དག་བུམ་པ་གང་བྱོའི་ཚུལ་དུ་གསན་ཞིང༌། ཤོག་དྲིལ་རྣམས་ལ་སོགས་པ་མར་པའི་ཟབ་ཆོས་གཞན་ཡང་མང་དུ་གསན། ཞང་གི་བཀའ་འབུམ་དང༌། བཀའ་རྒྱ་མ་ལ་སོགས་པ་ཚལ་པ་ལ་གྲགས་པའི་ཆོས་སྐོར་མཐའ་དག་དང༌། གསང་བ་སྙིང་པོ་ལ་སོགས་པ་རྙིང་མའི་ཆོས་སྐོར་འགའ་ཞིག་དང༌། རྒྱུད་པ་གཞན་ལས་བྱུང་བའི་བསྒྲུབ་ཐབས་ལས་རིམ་མན་ངག་ལ་སོགས་པ་མང་དུ་གསན་ནས་ཐུགས་སུ་ཆུད་པར་མཛད། འཇམ་དབྱངས་