[A:༡༢བ]ཤིན་སྦྱངས་ཀྱི་བདེ་བ་ཐོབ་པ་བྱུང༌། ཞག་ཉི་ཤུ་རྩ་ལྔ་ལོན་པའི་ཚེ། དབོན་པོ་བཟང་རིན་པའི་རྨི་ལམ་ལ། ནམ་མཁའ་འཇའ་དང་འོད་ཀྱིས་གང་བའི་དབུས་ནས་ཤེལ་རྡོའི་རལ་གྲི་འོད་འཕྲོ་བ་ཞིག་བབས་བྱུང་བ་གང་དུ་བབས་ལེགས་པར་བལྟས་དུས་གཟིམས་ཕུག་གི་རྩེར་བབས་བྱུང་བ་བྲག་དང་ཐོག་ལ་ཐལ་བྱུང་དུ་ཕུག་ནས་རྗེའི་སྐུ་ལ་ཐིམ་སོང་བར་རྨིས་ཤིང༌། མངོན་སུམ་དུ་ཡང་རིལ་བུ་ལས་འོད་འཕྲོ་བ་སོགས་ངོ་མཚར་བའི་བལྟསལྟས་མང་པོ་མཐོང༌། དྲུང་ཉིད་ཐུགས་དམ་ལས་མ་གཡོས་པར་ནང་ན་བཞུགས་ཀྱང༌། རྩིག་པ་སོགས་ཀྱི་སྣང་བ་ནུབ་ནས། ཉི་མའི་དཀྱིལ་འཁོར་ཤར་བ་གཟིགས་པ་སྙམ་པའི་ངང་ལ། འཇའ་འོད་ཀྱི་གུར་ཁྱིམ་རབ་ཏུ་མཛེས་[C:279]པའི་དབུས་སུ་རྗེ་བཙུན་འཇམ་པའི་དབྱངས་སྨྲ་བའི་སེངྒེས་ཞལ་དངོས་སུ་བསྟན་ནས་སྲིད་པའི་མཐའི་བར་དུ་དགེ་བའི་བཤེས་གཉེན་མཛད་པར་ཞལ་གྱིས་མཆེས་ཤིང་གསུང་རབ་མ་ལུས་པ་ལ་དབང་འབྱོར་བར་བྱིན་གྱིས་བརླབས་སོ། །
དམར་གསལ་འོད་ཀྱི་དྲ་བས་གཡོགས་པའི་སྐུ། །
པདྨ་རཱ་གའི་ལྷུན་པོ་བརྗིད་པ་ལ། །
མཚན་དཔེའི་འཇའ་རིས་གཡོ་བས་མཛེས་པ་ནི། །
མཁའ་ལ་མེ་ལོང་གཟུགས་བཞིན་གསལ་བར་གཟིགས། །
ཞེན་མེད་དག་པའི་སྣང་བ་དེ་ཤར་ཚེ། །
སྤྲོས་བྲལ་རང་རིག་རྗེན་པར་ཉམས་སུ་མྱོང༌། །
དེ་བས་རང་ཉིད་འཇམ་དབྱངས་བླ་མའི་སྐུར། །
སྒྲིབ་གཉིས་དག་པའི་མཁའ་ལ་སྣང་བ་སྙམ། །
རྣམ་མེད་རྣམ་པར་སྣང་བ་དག་པའི་སྐུ། །
བརྗོད་མེད་བརྗོད་པའི་གསུང་ནི་ཚངས་པའི་དབྱངས། །
མཐའ་མེད་མཐའ་ལས་འདས་པ་ཐུགས་རྗེའི་འཇིང༌། །
སྔོན་མེད༌[B:༢༨] སྔོན་བསགས་དབང་གིས་མཇལ་བ་ན། །
ཁྱོད་ཀྱི་དགེ་བའི་བཤེས་གཉེན་ང་ཡིན་ཞེས། །
ཉིད་ཀྱི་ཉིད་ལ་རྗེས་སུ་འདོམས་མཛད་པ། །
སྐྱེ་མེད་