[A:༡༣ན]བྲགའབྲུག་གི་རྔ་གསང་སྒྲོག་པ་ལྟའི། །
གདངས་སྙན་གསུང་གི་གསང་བས་མགུ་བར་མཛད། །
དེ་ནས་འབྲུག་མདར་ཕེབས་ཏེ་ཉིན་མོ་ཐ་མལ་པ་ལྟར་གནས་པས་ཡུམ་གྱི་ཐུགས་ལ་གང་བབས་ཀྱི་སྤྱོད་པ་ལྷུར་མཛད། མཚན་མོའི་ཆ་ལ་ཤུག་མོ་ཆེ་ལ་སོགས་པའི་དུར་ཁྲོད་རྣམས་སུ་གསང་སྤྱོད་ལ་ཐེགས་ནས་ཐུགས་དམ་གྱི་བོགས་བཏོན་པས། ས་ལམ་མང་པོ་ཅིག་ཅར་དུ་ཆོད་པར་མཛད་ལ། སླར་ཙཱ་རི་ཏྲར་ཐེགས་པར་བཞེད་ཀྱང་ཡུམ་ཧ་ཅང་ཐུགས་བརྩེ་ཆེས་པའི་གསུང་ནན་མ་བཟློག་པར། ཙཱ་རིའི་གནས་ཀྱི་ནང་དང་འདྲ་བར་དགོངས་ནས། འབྲུག་[C:280]ནང་གི་སྒོ་གོང་བྱ་བར་ལོ་ཅིགགཅིག་གི་རིང་ལ་སྐུ་མཚམས་ལ་རྩེ་ཅིགགཅིག་ཏུ་བཞུགས་པས། གནས་ལུགས་ཀྱི་རྟོགས་པ་མངོན་དུ་གྱུར་ནས། གནས་འདིར་རྡོ་རྗེའི་མགུར་མའང་མང་དུ་གསུངས་སོ། །དུས་ནམ་ཞིག་གི་ཚེ། ཞོངས་ཁ་སྐྱིད་མོ་སྒོང་བྱ་བའི་རི་སུལ་དབེན་པར། ལྷ་མོ་ཤྲ་མ་ཎའི་སྒོ་ནས་རྨི་ལམ་རྟགབརྟག་པར་མཛད་པས། རང་ཉིད་ཀྱི་མ་འོངས་གནས་མཁྱེན་ཏེ། ཡུལ་ཚེ་མ་འབྲོག་ཞིག་ན། འབྲོག་མོ་ཤ་རྩ་དམར་སིང་ངེ་བ་ཅིགགཅིག་གི་བུར་སྐྱེས་ནས། མ་དེའི་གམ་དུ་ཞིག་མའི་ནང་དུ་བདག་ཉལ་བའི་སྟེང་ནས་གོས་སེར་པོ་ཞིག་བཀབ་འདུག་པར་རྨིས་པས། ཚེ་རྟིང་མ་ཡང་མིའི་ལུས་བླངས་ནས་བསྟན་པ་ལ་ཕན་པ་ཅིགཞིག་བྱེད་པ་ཡིན། ཞེས་གསུངས་པར་གྲགས་སོ། །གནས་དེ་རྣམས་སུ་ཡུམ་གྱིས་ཡང་ཡང་མཇལ་བར་ཕེབས་པས། ཅུང་ཟད་ཐུགས་དམ་གྱི་སད་དུ་གྱུར་བ་ན། ད་ནི་ངོ་ཤེས་པའི་མིས་བགྲོད་པར་དཀའ་བའི་གནས་དམ་པ་ཞིག་བཙལ་ལོ་དགོངས་ནས་ཙཱ་རིའི་གནས་ཀྱི་སྙིང་པོ་ཕོ་བྲང་གཡུ་མཚོའི་ཁར་ཐེགས་ཏེ་ལོ་གསུམ་གྱི་བར་དུ་གསུང་བཅད་ལ་བཞུགས་ནས་སྒྲུབ་པ་རྩེ་ཅིགགཅིག་ཏུ་