[A:༢༠ན]པའི་སྐད་ངན་མི་མང་པོས་ཐོས་པ་བྱུང་ཞིང༌། དེ་ཕྱིན་དུ་འཚེ་བ་དེ་རྣམས་ཞི་བར་མཛད་པ་དང༌། གོང་དཀར་དུ་ནང་སོ་ཤེས་རབ་པ་རྒྱ་འདྲེའི་གནོད་པས་གཙེས་ནས་གསུང་དིག་ཅིང༌། སྐུ་སྲོག་ལ་ཐུག་ཏུ་ཉེ་བ་ན། བདག་ཉིད་ཆེན་པོ་འདིས་བྱིན་བརླབས་མཛད་མ་ཐག་དངངས་བ་དང་བཅས་པས་རང་ཉིད་ཀྱི་སྐྱེ་རྒྱུད་སོགས་གསལ་བར་སྨྲས་ཏེ་འགྱོད་ཚངས་དང་བཅས་ནས། དེ་ཕྱིན་དུ་ཕྱག་མདུད་ཐོགས་སོ་ཅོག་ལ་གནོད་པ་མི་བྱེད་པའི་ཁས་ལེན་ཕུལ་ཏེ་ཕྱིར་དེངས་པར་མཛད་པ་དང༌། གླིང་གི་གྲྭ་པ་གཉིས་ཀྱིས་བཀའ་བཅག་པ་ལ་རྨི་ལམ་ངན་[C:295]པ་མཐོང་ནས་གུང་སྟོན་ནམ་མཁའ་རྒྱལ་པོ་ལ་སྐྱབས་ཞུས་ཏེ་བཟང་ཚེ་རིར་བསྲུང་བཟློག་གི་མཚམས་ལ་བསྡད་པའི་དུས་སུ། དེ་གཉིས་ཀའི་ཉམས་སྣང་ལ་མི་ནག་པོ་དུང་ལོང་བཏགས་པ་ཞིག་གིས་བཅིངས་ནས་དབང་མེད་དུ་ཁྲིད་པའི་སྣང་བས་དངངས་སྐྲག་གི་ངང་དུ་གཉིས་ཀ་སྒོ་ལའི་རྩེར་སླེབ་དུས། རླུང་སིར་བུའི་ངད་ཀྱིས་བཏབ་པ་དང༌། ཐོ་རངས་ཀྱི་སྐར་མ་མཐོང་བས་རྐྱེན་བྱས་ནས་གཉིད་སད་པ་ལྟར་དྲན་པ་རྙེད་པ་ན། ཆོས་སྐྱོང་གི་ཆོ་འཕྲུལ་དུ་ཡིད་ཆེས་ཏེ། བདག་ཉིད་ཆེན་པོ་འདིའི་ཞབས་ལ་གཏུགས་ནས་བཀའ་ཇི་ལྟ་བ་བཞིན་སྒྲུབསབསྒྲུབས་པ་དང༌། སྣེལ་པའི་དམག་ཆེན་རྣམས་མཁར་རྩེ་བའི་ཐོག་ཏུ་བསྐུལ་བའི་ལམ་སྒོ་ལ་ལ་བཏོད་པར་བརྩམས་ཏེ། དེའི་ལམ་ཞོར་ལ་ནཱ་ལེནྡྲའི་ཆོས་ཀྱི་སྡེ་འདི༌[B:༤༡] ལ་ཡང་མཐོ་མཚམའཚམ་པའི་གྲོས་ངན་ཟེར་བ་བདག་ཉིད་ཆེན་པོ་འདིས་མཁྱེན་ཏེ། རྡོ་རྗེའི་ཆོས་སྐྱོང་པ་རྣམས་ལ་འཕྲིན་ལས་བསྐུལ་བས། དཔུང་ཆེན་རྡོག་བདེར་སླེབ་པའི་ནུབ་མོ། བྱི་བའི་ཚོགས་ཀྱིས་ཁྲབ་རྒྱུན་མཐའ་དག་ཟོས་ནས། ཁྲབ་ཕལ་ཆེ་བ་བྱང་བུ་འབའ་ཞིག་ཏུ་སིལ་མར་གྱུར་ལ། གོ་མཚོན་གཞན་རྣམས་ཀྱང་ཕལ་ཆེར་ཉམས་པར་བྱས་པས། ཐུགས་རྟོག་ཟོས་