R137: ཀུན་མཁྱེན་བཀྲ་ཤིས་རྣམ་རྒྱལ་གྱི་རྣམ་པར་མཐར་པ་ངོ་མཚར་གྱི་རྒྱ་མཚོ།

  • Pagination (Witness A): ༢༠བ
[A:༢༠བ]ནས་མོ་ཆ་བྱས་དུས་མཁའ་འགྲོ་ཆོས་སྐྱོང་གི་ཆོ་འཕྲུལ་དུ་ཤེས་ཏེ་བཟོད་གསོལ་ཕུལ་ཞིང་ཕྱིར་ལོག་པས། འཕན་ཡུལ་ལུང་པ་དམག་གི་འཇིགས་པ་ལས་བསྐྱབབསྐྱབས་པར་མཛད་པ་དང༌། བདག་ཆེན་མཐུ་སྟོབས་དབང་ཕྱུགགླང་ཐང་ནས་སྤྱན་དྲངས་པའི་ཚེ་ལམ་འབྲས་ལྷ་ཁང་གི་སྒོ་རྒྱབ་ཀྱི་བྲིས་སྐུ་གཟིགས་མ་ཐག་མདང་མི་ནག་པོ་དུང་ལོང་ཐོགས་པ་དང༌། ཨ་ཙ་ར་དེ་འདྲ་བྱུང་ནས་སང་ངེད་ཅན་དུ་ཕེབས་[C:296]དགོས་ཟེར་བ་བྱུང་བ་ཆོས་སྐྱོང་གི་གསུན་མ་ཡིན་པར་འདུག །ད་ལྟ་མགོན་ཁང་དུ་འབྱོན་པ་ཡིན་གསུང་ནས། ཇ་སུན་གཅིག་གི་རྗེས་སུ་གྲལ་ནས་བཞེངས་ཏེ་མགོན་ཁང་ཕྱི་མའི་གཉེན་མགོན་ཞལ་ཡོངས་རྫོགས་གཙོ་འཁོར་གྱི་བྲིས་སྐུ་གཟིགས་པ་ན། ཆོས་སྐྱོང་འདི་ལ་ང་སྨྱོན་པ་ལྟ་བུར་འདོད་ཀྱང༌། ང་ལས་ཀྱང་ཁྱོད་སྨྱོ་བར་འདུག་ཅིང༌། ཆོས་སྐྱོང་གིས་ཀྱང་ངེད་ཅན་དུ་འོང་དགོས་ཤེས་སོགས་ཁྱེད་ཀྱི་བྲན་བྱེད་པར་འདུག་པས། ད་ལྟ་ཆོས་སྐྱོང་གི་དྲུང་འདི་ཉིད་དུ་རྗེས་སུ་གནང་བ་ཐུགས་ལ་འདོགས་པར་འཚལ་ཞེས་གསོལ་བ་འདེབས་པར་མཛད་པའི་བཞེད་པ་དེ་ཉིད་དུ་བསྐང་བས་ཆོས་སྐྱོང་དངོས་ཀྱི་ཐུགས་འདུན་འཁྲུངས་པ་ནས་བཟུང༌། བཀའ་བརྒྱད་དབང་མོ་ཆེ་ལ་སོགས་པ་གསར་རྙིང་གི་ཆོས་མང་དུ་གསན་པས། དཔོན་སློབ་ཕ་མ་བུ་ཚ་ལྟ་བུའི་ཐུགས་ཡིད་ཅིག་ཏུ་འདྲེས་པའི་ངང་ནས་སྐུ་རྩེད་ཀྱི་ཚུལ་དུ། བདག་ཆེན་གྱིས་ཐོག་འབེབས་པར་མཛད། ཞལ་སྔ་ནས་བསྲུང་བར་མཛད་པ་ལ། བདག་ཆེན་ཐུགས་དམ་ལ་བཞུགས་པའི་མོད་ཉིད་དུ། ནམ་མཁའི་མདངས་ནི་དམར་ནག་ཏུ་གྱུར། དུད་སྤྲིན་རབ་ཏུ་འཁྲུགས་པས་ནི་བར༌[B:༤༢] སྣང་གང༌། གློག་གི་འོདའཁྲུག་པ་ནི་མེའི་ཚ་ཚ་ལྟར་འཁྲུག །འབྲུག་གི་ང་རོ་དྲག་པོར་སྒྲོག་པ་ནི་གནམ་རལ་བ་ལྟར་ཐུག་ཆོམ་དང་འུར་སྒྲས་རྣ་བ་འབིགས་པར་བྱེད་པ་