R137: ཀུན་མཁྱེན་བཀྲ་ཤིས་རྣམ་རྒྱལ་གྱི་རྣམ་པར་མཐར་པ་ངོ་མཚར་གྱི་རྒྱ་མཚོ།

  • Pagination (Witness A): ༢༡བ
[A:༢༡བ]ཞིང་བཅད་པས། སེམས༌[B:༤༣] མེད་པའི་ཤིང་ལས་ཀྱང་ཁྲག་རྒྱུན་འཛག་པ་དང༌། སྐད་ངན་སྣ་ཚོགས་པ་བསྒྲོགབསྒྲགས་པ་སོགས་དེར་འདུས་པ་[C:298]མཐའ་དག་གིས་དངོས་སུ་རིག་པའི་ཆོ་འཕྲུལ་དང་བཅས་ཏེ་མི་མ་ཡིན་འཁོར་དང་བཅས་པའི་རྣམ་པར་ཤེས་པ་མི་སྐྱོད་པའི་ཞིང་ཁམས་སུ་བསྒྲལ་ནས། དེ་ལ་ཕན་འདོགས་པར་མཛད་པས། སེམས་ཅན་མང་པོ་ཀླུ་གོང་རྒྱལ་པོའི་གནོད་འཚེ་ལས་སྐྱོབ་པར་མཛད་པ་དང༌། སྣེའུ་གདོང་དུ་གོང་མ་གྲགས་པ་རྒྱལ་མཚན་སྐུ་གཤེགས་ཁར་པཎྜིཏ་སངས་རྒྱས་བཟང་པོའི་མིང་ཐོགས་པའི་མི་མ་ཡིན་སྟོབས་ཆེན་པོ་ཞིག་གིས་བཏབ་པ་ལ་སྔགས་འཆང་ཆེན་པོ་ཤཱཀྱ་དཔལ་ལ་སོགས་པའི་རིག་སྔགས་ཀྱི་དབང་ཕྱུག་ཤིན་དུ་མང་པོའང༌། ཅི་བྱའི་གཏོལ་མ་རྙེད་པས། མཐུ་སྟོབས་ཀྱི་བདག་ཉིད་ཆེན་པོ་འདི་སྤྱན་དྲངས་པའི་ཚེ། མི་མ་ཡིན་དེས། སྐུ་འཁོར་བ་རྣམས་ཀྱི་ཡིད་བསྒྱུར་ནས། དངོས་སུ་མཇལ་བར་རུང་ངམ་གྱི་ཇུ་ཐིག་དོར་བ་ན། མི་མཇལ་བ་བཟང་བའི་མདུད་པ་བབས་པས། རེ་ཞིག་ལྟག་ལེབ་དུ་སྐུ་རིམ་གྱི་མདོས་གཏོར་བསྒྲུབསྒྲུབ་ཅིང་བཞུགས་པའི་ཚེ། དམིགས་ཡུལ་གྱི་སྐུ་སྲོག་ལ་བར་གཅོད་བྱུང་ཟིན་པའི་མཚན་མ་གསལ་པོ་ཤར་བས། ཕྱིར་ཐེགས་པའི་ཞུ་བ་སྒོར་དུས། མི་ཐེགས་པའི་ཞུ་བ་འབའ་ཞིག་ལས་མཐའ་གསལ་པོར་མ་བྱུང་བ་ལ་ཐུགས་དམ་གྱི་མཚན་མ་ལོག་པ་སོགས་གསུངས་པས། སྐུ་དངོས་ཀྱི་བྱིན་བརླབས་ལ་ཕེབས་དགོས་པའི་ཞུ་ནན་བྱུང་པ་ན། སྐུ་སྲོག་ལ་འཐུང་དུ་མི་འདུག་པའི་བཀའ་སྩལ་གསལ་བར་གནང་ཀྱངཡང་། ཞུ་ནན་མ་ཟློག་པས། བྱིན་བརླབས་མཛད་པར་ཐེགས་པ་ན། ཞལ་མཇལ་མ་ཐག་མི་མ་ཡིན་ཆེན་པོ་དེ་དངོས་སུ་བརླམས་ཏེ། རབ་ཏུ་དངངས་པ་དང་བཅས་པས་ཅལ་ཅོལ་མང་དུ་སྨྲ་ཞིང་གཏིང་