[A:༢༢ན]ནས་འཚུབས་པའི་སྤྱོད་པ་སྟོན་པ་ལ། དྲག་སྔགས་དང་ཏིང་ངེ་[C:299]འཛིན་གྱིས་གཟིར་བས་དེས་ཀྱང་ཆེས་ཤིན་ཏུ་དངངས་ཤིང་སྐྲག་པས་སྐད་ངན་མུ་ཅོར་སྨྲ་བཞིན་པའི་ངང་ནས། ཁོ་ཉིད་ཀྱི་སྐྱེ་རྒྱུད་སྔར་བྱས་ད་འབྱུང་སོགས་དང། ཟག་བཅས་ཀྱི་མངོན་པར་ཤེས༌[B:༤༤] པའི་རྩལ་གྱིས་འདས་པའི་དུས་ཀྱི་གཏམ་རྒྱུད་མང་པོ་དང༌། མ་འོངས་པ་ན་འབྱུང་བའི་ཚུལ་མང་པོ་ལུང་བསྟན་པ་རྣམས་ཡི་གེར་བྲིས་པའི་ཤོག་དྲིལ་དེང་སང་ཀྱང་རྩེ་ཉིད་ན་ཡོད་སྐད། དེ་ལྟར་བཅའཅ་ཅོའི་གཏམ་མང་པོས་མཚམས་སྦྱར་ནས་སླར་གསོལ་བ། དམ་པ་ཁྱེད་ཐོག་མར་ཕེབས་དུས་སྐུ་སྲོག་ལྷག་མ་ཅུང་ཟད་ཙམ་ཡོད་ནའང༌། སྐུ་འཁོར་བ་རྣམས་ལ་ཇུ་ཐིག་འདོར་དུ་བཅུག་སྟེ་དེའི་མདུད་པ་བདག་གིས་བསྒྱུར་ནས། སྐུ་སྲོག་གི་ལྷག་བཅད་ཚར་བས། ད་ནི་སངས་རྒྱས་སྟོང་བྱོན་ཀྱང༌། འཚོ་བའི་ཐབས་མེད། ཕྱགས་ཕྱིར་ལས་སྣ་འཛིན་པ་འདི་དང་འདི་ཞེས་བྱ་བ་རྣམས་ཁྲིད་དེ་འགྲོ་ཞེས་ཟེར་བ་ན། དེར་འདུས་པ་ཀུན་སྐྲག་སྟེ་གདོང་འཆི་མ་དང་བཅས་ནས་བདག་ཉིད་ཆེན་པོ་འདི་ལ་སྐྱབས་ཞུས་པ་ན། སླར་ཡང་གནད་ལ་གཟིར་བས། དེའི་ཚབ་དུ་རྒྱ་གར་ནག་སོགས་ཡུལ་ཆེ་གེ་མོའི་རྒྱལ་པོ་མིང་འདི་སྐད་བྱ་བ་ཚེ་ཐར་ལ་གཏོང་ཞེས་སོགས་དང་སྔར་སྲོག་གཅད་མ་ཚར་བའི་སྐུ་འཁོར་རྣམས་འཇོག་པ་ཁས་བླངས། གཞན་ཡང་དམ་པ་འདི་ལ་སྐྱབས་འཆའ་བ་མཐའ་དག་ལ་གནོད་འཚེ་མི་བྱེད་པའི་མནའ་བོར་ནས། བཅོས་མ་མ་ཡིན་པའི་གདུང་ཤུགས་ཀྱིས་ཞུ་དོན་སྨྲེ་སྔགས་སུ་འབུལ་བ་སོགས་ཉམས་ཉེས་ཤིང་ཐབས་བྲལ་བའི་ཚུལ་རྣམས་གོང་མ་དཔོན་ཉིད་ཀྱིས་སྔོན་བྱས་བའི་ལས་སྨིན་པར་དགོངས་ཏེ། སྔ་ཐོག་ཕན་ཐོགས་སྲིད་པ་ཙམ་[C:300]ཡིན་འདུག་ཀྱང༌། སྔོན་ཀྱི་འཕེན་པའི་དབང་