[A:༢༧བ]རྗེས་རྒྱ་ཆེར་མཛད་དོ། །
འབུམ་ཕྲག་གཞུང་གིས་མཛེས་པའི་མགྲིན་[C:311]པ་ནས། །
ངེས་དོན་སྦྲང་རྩིས་མྱོས་པའི་གླུ་དབྱངས་མཁན། །
གསུང་རབ་འདབ་བརྒྱ་གཡོ་བའི་སྐྱེད་ཚལ་དུ། །
ལེགས་བཤད་སྙན་པའི་དར་དིར་སྒྲོག་ལ་མཁས། །
གང་ཁྱོད་ཤེས་བྱའི་མཁའ་ལ་ཐོགས་མེད་རྒྱུ། །
ལུང་རིགས་མངར་བའི་བཅུད་ཀྱིས་ལུས་རྒྱས་པ། །
ཤེས་ལྡན་རྣ་བར་སྐྱུགས་པའི་ཆོས་ཀྱི་གཏམ། །
སྦྲང་རྩིའི་དོག་པས་གངས་ཅན་མ་ལུས་གང༌། །
དམ་ཆོས་འཆད་ལ་མཁས་པའི་ཉི་མ་ནི། །
གནས་ལྔ་རིག་པའི་མཁའ་ལ་ཤར་བའི་ཚེ། །
བློ་ལྡན་བློ་ཡི་པད་ཚལ་ཁ་ཕྱེ་ནས། །
རྣམ་སྤྱོད་འཛུམ་པའི་གེ་སར་རྒོད་པར་མཛད། །
ལེགས་བཤད་ཉིན་མོར་བྱེད་པ་ཤར་བ་ན། །
ལོག་སྨྲའི་བྱ་ཚོགས་ལྐུགས་པར་བྱས་ནས་ཀྱང༌། །
མི་ཤེས་མུན་པ་སེལ་བར་མཛད་ཡོད་ཀྱིས། །
ཡེ་ཤེས་སྣང་གསལ་ལོང་ཅིགཞིག་སྐལ་ལྡན་ཀྱཻ། །
List of Disciples
དེ༌[B:༥༤] ལྟར་བཤད་པའི་དགའ་སྟོན་གྱིས་སྐལ་བ་དང་ལྡན་པའི་གདུལ་བྱ་གྲངས་མེད་པ་བླ་ན་མེད་པའི་བྱང་ཆུབ་ཀྱི་ལམ་ལ་འགོད་པར་མཛད་དེ་བདག་ཆེན་འཇམ་དབྱངས་པ་དང༌། མཐུ་སྟོབས་དབང་ཕྱུག་ལ་སོགས་པ་ས་སྐྱ་འཁོན་གྱི་གདུང་རྒྱུད་རྣམས་དང༌། གོང་མ་གྲགས་པ་རྒྱལ་མཚན་དང༌། སྤྱན་སྔ་རིན་པོ་ཆེ་ངག་གི་དབང་པོ་སོགས་ལྷ་གཟིགས་རླངས་ཀྱི་གདུང་རྒྱུད་རྣམས་དང༌། གཞན་ཡང་འབྲི་སྟག་གི་ཞལ་ངོ་སོགས་དབུས་གཙང་གི་ཆེ་བཙན་མང་པོ་གསུང་ཆོས་ཀྱི་བདུད་རྩིས་ཚིམ་པར་མཛད། དབུ་ཞྭ་བླ་མ་ནམ་མཁའ་རྒྱལ་མཚན་ལ་སོགས་པ་རྒྱལ་མོ་རོང་དང༌། རྩོང་ཁའི་ཡུལ་གྱི་ཆེ་གཉན་བཙུན་གསུམ་དཔག་ཏུ་མེད་པ་དང༌། ལྷ་འབྲི་ཤེས་རབ་རྡོ་རྗེ་བ་སོགས་རབ་སྒང་གི་ཆེ་བཙུན་དུ་མ་དང༌། སྲི་དཀར་དབོན་ཐུང་ལ་[C:312]སོགས་པ་འཛམ་ཡུལ་གྱི་མི་ཆེན་དུ་མ་དང༌། དྲུང་ཏིང་འཛིན་ནམ་མཁའ་བ་སོགས་གོག་