[A:༢༧ན]ཁྲི་ལ་བཞུགས་ནས་ཚོགས་ཆོས་ཀྱང་ལན་མང་དུ་གསུངས། ཁྱད་པར་སྐུ་འདའ་ཁར་སྙེ་ཐང་འོར་དུ་གསང་ཕུའི་གདན་ས་པ་རྣམ་གཉིས་ཀྱིས་ཐོག་དྲངས། འདུས་[C:310]པའི་དགེ་འདུན་ནི་སྟོང་དང་བཞི་བརྒྱ་ཙམ། གཞུང་ཆོས་ཀྱི་དཔེ་འགྲེམས་རངཡང་ཀྱང་བདུན་བརྒྱ་ལ་ཉེ་བ་ཙམ་ཚོགས་པ་ལ། མདོ་སྡེ་དང་རྒྱུད་སྡེ་དང་བསྟནབཅོས་ཀྱི་གཞུང་ཆེན་མོར་གཏོགས་པ་དང་བཅས་པ་པོད་ཆེན་ཉི་ཤུ་རྩ་ལྔའི་གཞུང་ཆོས་སྦྲེལ་ནས་གནང༌། སྲུབས་བར་རྣམས་སུ་གསུང་ངག་རིན་པོ་ཆེ་ལམ་འབྲས་བུ་དང་བཅས་པའི་ཁྲིད་དང༌། ཟབ་ལམ་དཔལ་ལྡན་ནཱ་རོ་པ་ཆེན་པོའི་ཆོས་དྲུག༌[B:༥༣] གི་ཁྲིད་དང༌། རྣལ་འབྱོར་ཡན་ལག་དྲུག་པའི་ཁྲིད་ལ་སོགས་པ་ཁྲིད་བཀའ་མི་འདྲ་བ་བདུན་བརྩལབསྩལ་བས་ཞག་རེ་ཆོས་ཐུན་སུམ་ཅུ་རྩ་ཅིགགཅིག་རེ་སྐྱར་ཆོས་དང་བཅས་པ་གནང༌། མཚན་མོའི་ཆ་ལ་དབང་བསྐུར་རྗེས་གནང་སོགས་གང་ལ་གང་མཚམས་པའི་ཆོས་ཀྱི་འཁོར་ལོ་རྒྱུན་མི་ཆད་དུ་བསྐོར་བར་མཛད་པ་རྣམས་ནི། ཊཱིཀ་གཞུང་བཤད་པ་ཉམས་ལེན་དང་བཅས་པ་ཐུགས་ཁོ་ན་ནས་གསུངས་ཤིང༌། དེའི་རིང་ལ་ཕྱག་དཔེར་གཏོགས་པ་ཡི་གེ་ནི་གཅིག་ཀྱང་གཟིགས་པ་ལྟ་ག་ལ་ཞིག །སྐུའི་ཉེ་ལོགས་ཙམ་དུ་ཡང་མི་བཞུགས་པས། ཐམས་ཅད་ཚིག་མཐུན་པར་མི་བརྗེད་པའི་གཟུངས་མངའ་བར་ཁ་ཚོན་གཅོད་ལ། ཕྱོགས་དང་ཕྱོགས་རྣམས་སུ་ནི་རྗེ་བཙུན་འཇམ་དཔའི་དབྱངས་དང་དུས་ནམ་ཡང་མི་འབྲལ་བས་ན་རྗེ་བཙུན་གྱིས་གསུངས་པ་ཉིད་ལ་རྗེས་ཟློས་མཛད་པར་གོར་མ་ཆག་གོ །ཞེས་གླེང་བར་གྱུར་ཏོ། །མདོར་ན་དགུང་ལོ་བཅྭོ་བརྒྱད་པ་ནས་དྲུག་ཅུ་རྩ་གཅིག་པའི་བར་དུ། མདོ་རྒྱུད་བསྟན་བཅོས་མན་ངག་རིག་གནས་ལ་སོགས་པ། བོད་གངས་ཅན་ན་བཞུགས་པའི་དམ་པའི་ཆོས་ཡིན་ནོ་ཅོག་གསུངས་ནས། བསྟན་པ་ལ་ཕྱག་