[A:༢༨ན]གླིང་ཨ་གྲོ་ལྷན་གྱི་མི་ཆེན་པོ་རྣམས་དང་སྐྲེ་རོང་ལྕོགས་གསུམ་གྱི་བླ་དཔོན་མང་པོ་དང༌། ནང་ཆེན་གྲགས་པ་ཁུ་དབོན་དང༌། ཚངས་གསར་བསོད་ནམས་འོད་ཟེར་བ་སོགས་སྒོམ་སྡེ་ནང་ཡ་གཉིས་ཀྱི་ཞལ་ངོ་ལ་སོགས་པ། མདོར་ན་མདོ་ཁམས་ཕྱོགས་ཀྱི་ཆེ་གཉན་བཙུན་གསུམ་ཕལ་ཆེ་བ་ཆོས་ཀྱི་བཀའ་དྲིན་ནོད་པས་ཚིམ་པར་མཛད་པ་དང་གསུང་ལས་འཁྲུངས་པའི་དགེ་བའི་བཤེས་གཉེན་ཀྱངཡང༌། ཤེལ་དཀར་དུ་ཆོས་རྗེ་རྗེ་བཙུན་པ་སོགས་གདན་ས་པ་གཉིས་རྒྱུད་དང༌། སེམས་དཔའ་ཆེན་པོ་བྱང་ཆུབ་བློ་གྲོས་པ་སོགས་ཆོས་འཆད་རབ་ཏུ་མང་པོ། མཁན་ཆེན་སྤོ་ར་བ་ལ་སོགས་པ་ངམ་རིངས་དང༌། བཟང་ལྡན་སོགས་སུའང་གསུང་ལས་འཁྲུངས་པའི་ཆོས་འཆད་མང་དུ་འཕེལ་ཞིང༌། སྣར་ཐང་། དཔལ་འཁོར་བདེ་ཆེན། ཞ་ལུ། བཀྲ་ཤིས་ལྷུན་པོ། བྱམས་ཆེན། ཆོས་ལུང༌། མངོན་དགའ་ཆོས་སྡེ་སོགས་སུ་ཡང་གསུང་ལས་སྐྱེས་པའི་འཆད་ཉན་པ་མང་དུ་བྱུང༌། དབུ་རུ་སྟོད་དུ་རྒྱ་ཆེན་ཆོས་ཀྱི་སྤྱན་མངའ་བ་བསོད་ནམས་ལྷའི་དབང་པོ་སོགས་བྱ་ཡུལ་གྱི་གདན་ས་པ་གཉིས་རྒྱུད་ཆོས་འཆད་ཀྱི་ཚོགས་དང་བཅས་པ། སྤངས༌[B:༥༥] ས། རྒྱ་སྟེངས། ཨེ་ཝཾ་སོགས་ཀྱི་སྤྱན་སྔ་དང་ཆོས་འཆད། གཞན་ཡང་རྒྱ་འབྲི་ལ་སོགས་པར་ཆོས་སྟོན་པར་ནུས་པའི་བུ་སློབ་མང་དུ་བྱུང༌། འཕན་ཡུལ་དུ་ནཱ་ལེནྡྲ་ཉིད་ཀྱིསཀྱི
་གདན་ས་པ་ཆོས་འཆད་ཀྱི་ཚོགས་དང་བཅས་པ་མང་པོ་དང༌། གླང་ཐང་དུ་ཆོས་ཀྱི་རྗེ་བློ་གྲོས་རྒྱལ་མཚན་པ་སོགས་སྤྱན་སྔ་གཉིས་རྒྱུད་ཆོས་འཆད་མང་པོ་དང་བཅས་པ། ལྷ་ཁང་དུའང་སྤྱན་སྔ་[C:313]གཉིས་རྒྱུད་ཆོས་འཆད་མང་པོ་དང་བཅས་པ། དེ་འཐུན་དྲོ་ས། ཉན་པོ། སྐམ་དགོན། ཐང་སག །སྒོ་ཡབ། གསས་ཁང་སོགས་སུའང༌། གདན་ས་པ་དང་འཆད་ཉན་མཛད་པའི་བུ་སློབ་མང་