[A:༢༨བ]དུ་བྱུང༌། སྐྱི་ཤོད་དུ་ཆོས་ཀྱི་རྗེ་ནམ་མཁའ་བསྟན་པ་དང༌། ཆོས་རྗེ་གྲགས་རྒྱལ་བ། ཆོས་རྗེ་ལེགས་མཆོག་པ་སོགས་གསང་ཕུ་གླིང་སྟོད་ཀྱི་གདན་ས་པ་མང་པོ་དང༌། པཎྜིཏ་ཆེན་པོ་ཤེས་རབ་དཔལ་ལྡན་པ་དང༌། ཆོས་ཀྱི་རྗེ་ཆོས་རྒྱལ་བ་སོགས་གསང་ཕུ་གླིང་སྨད་ཀྱི་གདན་ས་པ་མང་པོས་ཐོག་དྲངས། གསང་ཕུའི་ཆེན་པོ་ཆོས་འཆད་མཛད་པའི་བུ་སློབ་ཀྱང་མང་དུ་བྱོན། ཚལ་གུང་ཐང༌། བདེ་བ་ཅན། ཟུལ་བུ། སྒ་སྐྱོར་སོགས་སུ་སྡེ་སྣོད་འཆད་པའི་བུ་སློབ་མང་པོ་དང༌།
ཆོས་རྗེ་སྒྲ་པ་སོགས་ཆོས་རྫོང་གི་གདན་ས་པ་བརྒྱུད་མ་དང༌། ངག་དབང་དགྱེས་པའི་རྡོ་རྗེ་སོགས་བཀྲ་ཤིས་སྒང་གི་གདན་ས་པ་དང་ཆེན་པོ་ཆོས་འཆད་རབ་ཏུ་མང་པོ་དང༌། དཔལ་རི་བྲག་ནག་གི་གདན་ས་པ་སོགས་གསང་སྔགས་ཀྱི་གྲྭ་ས་རྣམས་སུ་ཡང་གསུང་ལས་སྐྱེས་པའི་ཆོས་འཆད་བ་མང་དུ་བྱུང་ཞིང༌། རི་བོ་དགེ་ལྡན་དང༌། སེར་འབྲས་སོགས་སུ་ཡང་གསུང་ཆོས་ཀྱི་བཀའ་དྲིན་ཐོབ་པའི་ཆོས་འཆད་མང་དུ་བྱུང་ངོ༌། །
མཁན་ཆེན་གྲགས་རིན་པ་དང༌། མཁན་ཆེན་ཆོས་རྒྱལ་བ་སོགས་ཚོགས་སྡེ་བཞིའི་མཁན་པོ་དང༌། ཆོས་འཆད་མང་པོའང་གསུང་ལས་སྐྱེས། ཆེན་པོ་དཔལ་འབྱོར་བ་ལ་སོགས་རྩེས་ཐང་གི་ཆེན་པོ་ཆོས་འཆད་གྲངས་ཀྱིས་མི་ལང་བ་དང༌། ཆོས་ཀྱི་རྗེ་ལྷུན་བདེ་བ་ལ་སོགས་པ་གདན་ས་ཐེལ་གྱི་མཁན་སློབ་ཆོས་གསུམ་སོགས་དུས་དེའི་[C:314]ཚེ། བསྟན་པ་འཛིན༌[B:༥༦] པའི་སྐྱེས་བུ་དམ་པ་ཕལ་ཆེར་དམ་པ་འདིའི་གསུང་ལས་སྐྱེས་པ་ཤ་སྟག་ཡིན་ལ། བན་སྒར་བ་འཇམ་དཔལ་བཟང་པོ་དང༌། ལོ་ཆེན་བསོད་ནམས་རྒྱ་མཚོའི་སྡེ་དང༌། གྲུབ་ཆེན་སངས་རྒྱས་བསམ་འགྲུབ་ལ་སོགས་ཏེ། མཁས་ཤིང་གྲུབ་པ་བརྙེས་པ། མི་ཆེན་པོ་རྣམས་ཀྱི་བླ་མར་གྱུར་པ་མང་པོའང་གསུང་ལས་སྐྱེས། བསྟན་པའི་མངའ་བདག་བྱམས་ཆེན་རབ་འབྱམའབྱམས་པ་དང༌། པཎ་ཆེན་ཤཱཀྱ་མཆོག་