R137: ཀུན་མཁྱེན་བཀྲ་ཤིས་རྣམ་རྒྱལ་གྱི་རྣམ་པར་མཐར་པ་ངོ་མཚར་གྱི་རྒྱ་མཚོ།

  • Pagination (Witness A): ༢༩ན
[A:༢༩ན]ལྡན ་པ་དང༌། ཀུན་མཁྱེན་གོ་བོ་རབ་འབྱམ འབྱམས་པ་ལ་སོགས། བྱ་བྲལ་འཆད་ཉན་གྱི་སྒོ་ནས་བསྟན་པའི་རྩ་ལག་མཆོག་བརྙེས་ཏེ། སྙིགས་མའི་དུས་སུ་ཐུབ་པ་གཉིས་པ་ལྟར་གྲགས་པ་རྣམས་ཀྱང་བདག་ཉིད་ཆེན་པོ་འདི་ལ་གསུང་ཆོས་བཀའ་དྲིན་ནོད་པ་ཤ་སྟག་སྟེ། དེའི་ཕྱིར་དམ་པ་འདིའི་སློབ་མ་དང༌། ཡང་སློབ་ཉིང་སློབ་ཀྱིས་གངས་ཅན་གྱི་ལྗོངས་མ་ལུས་པ་ཁྱབ་པར་གང་བས་ན། བསྟན་པ་དང་ཕན་བདེ་རབ་འབྱམ་གྱིའབྱམས་ཀྱི་བཀའ་དྲིན་མུ་མེད་པར་བརྩལ་ལོབསྩལ་ཏོདབུས་གཙང་གི་སའི་ཐིག་ལེ་མ་ལུས་པ་མཁས་པའི་འཁོར་ཚོགས་ཀྱིས་གང་བར་མཛད་པ་དེ་བཞིན་དུ། མངའ་རིས་དང༌། མདོ་ཁམས་སོགས། རྒྱ་དཀར་ནག་ལ་ཐུག་གི་བར་དུ་མཁས་གྲུབ་ཀྱི་སློབ་མ་དང༌། ཡང་སློབ་ཉིང་སློབ་སོགས་ཀྱིས་གང་བར་མཛད་མོད་ཀྱིས། ཡི་གེའི་ཚོགས་ལ་འཇིགས་པས་རེ་རེ་བཞིན་བྲི་བར་མ་སྤོབས་སོ། ། རིགས་རུས་ཆོ་འབྲང་དྲེགས་པས་རབ་འགྱིང་ཞིང༌། ། གངས་རིའི་ལྗོངས་འདིར་ཆེ་བར་རློམ་རྣམས་ཀྱང༌། ། ཁྱོད་ཀྱི་ཞབས་བཟུངཟུང་རེག་པའི་གེ་སར་རྡུལ། ། གཙུག་གི་ནོར་བུའི་རྒྱན་དུ་གུས་བསྟེན་ཞིང༌། ། ཁྱོད་གསུང་རྣ་བར་ལྷུང་བའི་མཁས་མང་ནི། ། འབུམ་[C:315]ཕྲག་ཆོས་ཀྱི་ཁྲི་ལ་རབ་འཁོད་ནས། ། ལེགས་བཤད་ཟབ་མོའི་ཆར་གྱི་རྒྱུན་ཕབ་པས། ། ཐུབ་བསྟན་རྒྱ་མཚོའི་ལྗིང་རྣམས་ཡོངས་སུ་འགེངས། ། བརྒྱད་ཁྲི་བཞི་སྟོང་ཆོས་ཀྱི་སྒོ་ཕྱེ་ནས། ། འགྲོ་ཀུན་ཐར་པའི་ལམ་ལ་རབ་ཁྲིད་དེ། ། རྣམ་གྲོལ་གསེར་གྱི་ཁང་བཟང་ཉམས་དགའ་བར། ། བདེ་ཆེན་སྐུ་བཞིའི་དཔལ་ལ་འགོད་པར་མཛད། ། དེ་དག་ནི་འཆད་པ་ཉིན་མོར༌[B:༥༧] བྱེད་པའི་འོད་ཀྱིས་ཕྲེང་བས་སྲིད་པ་གསུམ་གྱི་མུན་པ་བསལ་ནས་གདུལ་བྱའི་པད་ཚལ་རྒྱས་པར་མཛད་པའི་ཚུལ་ཆེ་ལོང་ཙམ་བརྗོད་པའི་གཏམ་གྱི་རྦ་རླབས་གྱིན་དུ་བསྐྱོད་པའི་རིམ་པའོ།། །།
རྩོད་པའི་རིག་པས་ཕས་ཀྱི་རྒོལ་བ་ཚར་བཅད་པའི་གཏམ། ད་ནི་རྩོད་པ་སེང་