R137: ཀུན་མཁྱེན་བཀྲ་ཤིས་རྣམ་རྒྱལ་གྱི་རྣམ་པར་མཐར་པ་ངོ་མཚར་གྱི་རྒྱ་མཚོ།

  • Pagination (Witness A): ༢༩བ
[A:༢༩བ]གེའི་ང་རོས་ཕྱིར་རྒོལ་བའི་གླང་ཆེན་སྨྱོན་པ་བརྟུལ་བའི་ཚུལ་བརྗོད་པར་བྱ་སྟེ། སྐུ་གཞོན་ནུར་བཞུགས་ནས་གསན་སྦྱོང་མཛད་པའི་ཚེ་ནའང༌། བསྡུས་གྲྭ་རིགས་ལུང་གི་སར་སུས་ཀྱང་འགྲན་པར་མི་བཟོད་པའི་རིགས་པའི་དཔུང་མངའ་བས། དྭགས་དབོན་རིགས་པའི་དབང་ཕྱུག་བྱ་བར་ཀུན་མཐུན་པའི་སྟོན་གྲགས་ཀྱིས་ཕྱོགས་ཐམས་ཅད་དུ་ཁྱབ་པར་མཛད་ལ། བླ་མ་སློབ་དཔོན་དུ་གྱུར་ནས་ཀྱང༌། ཚོགས་བསོག་པ་དང༌། གླིང་བསྲེ་བས་ཞབས་འབྲིང་དུ་ཐལ་མོ་ཁ་དབྱེ་བར་མི་ནུས་པ་ཙམ་དུ་གྲགས་ཤིང༌། དེའི་ཚེ་དཔལ་གསང་ཕུའི་གྲྭ་ས་ན་རྩོད་པ་ལ་འགྲན་པའི་ཟླ་དང་བྲལ་བ་ནི། བདག་ཉིད་ཆེན་པོ་འདི་དང༌། མཁས་པ་དགེ་བ་རྒྱལ་མཚནགྲ་ཆུང་ཡོན་ཏན་རྒྱ་མཚོ་དང་གསུམ་པོ་ཁོ་ནའོ་ཞེས་ཟེར་ཞིང་དེ་དག་ལས་ཀྱང་མཆོག་ཏུ་གྱུར་པ་ནི་དམ་པ་འདི་ཁོ་ནའོ། ཞེས་ཡོངས་སུ་གྲགས་སོ། །དུས་ཕྱིས་ཙཱ་རི་ནས་ཕེབས་རྗེས། རྗེ་བཙུན་མཁྱེན་པའི་གཏེར་གྱི་བཀའ་དྲིན་ལས། བདེ་[C:316]བར་གཤེགས་པའི་གསུང་རབ་མ་ལུས་པ་ལ་ལྐོག་ཏུ་མ་གྱུར་པའི་སྤྱན་ཐོབ་པས། གཞུང་ལུགས་མང་པོ་ལ་གཞན་གྱི་ནོར་བའི་ཕྲེང་བ་རྣམས་ཀྱང་ཕྱིན་ཅི་མ་ལོག་པར་མཁྱེན་ཏེ། སྔར་རྒོལ་བའི་འདོད་པ་ཇི་སྙེད་པ་ཡི་གེར་བཀོད་ནས། ནོར་བའི་ཚོགས་འདི་རྣམས་དྲུང་ནས་འབྱིན་པའི་རིགས་པའི་དཔུང་མངའོ་ཞེས། ཕྱིར་རྒོལ་ཡང་དག་ཏུ་ཞལ་གྱིས་འཆེས་ཞེས་ཤིང༌། ལན་ཐོབ་ཅིག་ཅེས་བྱ་བ་དང༌། ཡང་དག་པའི་གྲུབ་པའི་མཐའ་ནི་འདི་དང་འདིའོ་ཞེས་དངོས་སོ་སྟོབས་ཞུགས་ཀྱི་རིགས་པས་གྲུབ་པའི་དམ་བཅའ་བ་མང་པོ་ཡི་གེར་བཀོད་ནས། རྒོལ་བ་པོ་ཇི་སྙེད་མཆིས་པའི་རྩོད་པ་ལ་ལན་གྱིས་སྣང་བས་དཀར་པོར་མཛད་དོ། །ཞེས་སྔ་རྒོལ་རྣམ་དག་ཏུ་ཞལ་གྱིས་འཆེས་པའི་རྩོད་ཡིག། །ལྷ་སའི་རྡོ་རིངས་ལ་སྦྱར་ཏེ་འབེལ་བའི་གཏམ༌[B:༥༨] གྱིས་སྒྲོགས་