[A:༣༠ན]པར་མཛད་པ་ན། བདག་ཉིད་ཆེན་པོ་འདིའི་རིགས་པའི་དཔུང་བཟོད་པ་ནི་འཇིག་རྟེན་གྱི་ཁམས་ན་སུ་ཡང་མ་འཚལ་ན། རྩོད་པར་བཟོད་པ་ལྟ་ག་ལ་ཞིག།།ཐམས་ཅད་སྤོབས་པ་དང་བྲལ་བར་བྱས་སོ་ཞེས་སྙན་པའི་གྲགས་པས་ས་ཆེན་པོ་ཁོར་ཡུག་དང་བཅས་པ་ཁྱབ་པར་གྱུར་ཏོ། །ཡང་ལན་ཅིགགཅིག་གི་ཚེ་གོང་མ་གྲགས་པ་འབྱུང་གནས་ལྷ་སར་ཕེབས་པས། རི་བོ་དགེ་ལྡན་ནས་ཆོས་ཀྱི་རྗེ་མཁས་གྲུབ་དགེ་ལེགས་དཔལ་བ་བྱོན་པ་དང༌། བདག་ཉིད་ཆེན་པོ་འདི་ཞལ་འཛོམ་པའི་སྐབས་ཤིག་དུཏུ། མཁན་ཆེན་ཀུན་རྒྱལ་བས་གླེང་སློང་བའི་གཏམ་གྱི་འཕྲོས་པ་གསུང་རབ་ལ་འབེལ་པའི་གཏམ་གྱི་གླེང་མོར་བསྒྱུར་བ་ན། ཆོསརྗེ་མཁས་གྲུབ་པས་སྔར་རྒོལ་ལྟར་དམ་བཅའ་བཞག་སྟེ། དུས་ཀྱི་འཁོར་ལོའི་རྒྱུད་འགྲེལ་རྣམས་རང་གི་བསྟན་དོན་ལ་མི་བསླུ་བའི་ཚད་[C:317]མ་སྔ་མ་སྔོན་དུ་སོང་བའི་དཔྱད་གསུམ་གྱིས་དག་པའི་ལུང་རྣམ་དག་ཡིན་པས་ན། དེ་ནས་གསུངས་པའི་འཇིག་རྟེན་གྱི་ཁམས་ཀྱི་ཆགས་ཚུལ་རྣམས་ཀྱང་ཇི་ལྟར་གསུངས་པ་བཞིན་ཡོད་ལ། མངོན་པའི་གཞུང་རྣམས་ཀྱང་དེ་ལྟ་བུ་ཡིན་པས། དེ་ནས་གསུངས་པའི་འཇིག་རྟེན་གྱི་ཁམས་ཀྱི་གནས་ཚུལ་རྣམས་ཀྱང་དེ་ཁོ་ན་ལྟར་ཡོད་དོ། །དེ་ནས་རི་རབ་ལ་ཟླུམ་པོར་ཡོད་པའི་ཆ་ཅིགགཅིག་དང༌། གྲུ་བཞིར་ཡོད་པའི་ཆ་ཅིགགཅིག་སྟེ། གཉིས་ཀ་ཁས་ལེན་ཀྱང༌། དུས་འཁོར་ནས་བཤད་པའི་རི་རབ་ཟླུམ་པོའི་གོ་ས་ན། མངོན་པ་ནས་བཤད་པའི་རི་རབ་གྲུབ་བཞི་ཡོད་པ་དང༌། དེ་ལས་ལོག་སྟེ་གྲུ་བཞིའི་གོ་ས་ན་ཟླུམ་པོ་ཡོད་པར་ནི་ཁས་མི་ལེན། ཆ་ཅན་རི་རབ་གཅིག་གི་གོ་ས་ན་ཆ་ཤས་རི་རབ་ཟླུམ་པོ་དང་གྲུ་བཞི་གཉིས་ཡོད་པར་ཁས་བླངས་པ་ལ་འགལ་བ་མེད་པའི་དཔེ་ནི། ཆ་ཅན་བརླན་གཤེར་ཕོར་གང་གི་གོ་ས་ན། ཆ་ཤས་བདུད་རྩི་ཕོར་གང་དང་རྣག་ཁྲག་ཕོར་གང་ཡོད་ཀྱང༌། བདུད་རྩིའི་གོ་