[A:༣༡བ]པའི་རི་རྩེར་བབས་པ་ན། །
ལོག་རྟོག་བྲག་རི་འཇིག་པ་ཆོས་ཉིད་ཡིན། །
རྩོད་པ་སེང་གེའི་ང་རོ་རབ་སྒྲགསབསྒྲགས་ཚེ། །
ལོག་སྨྲའི་ཝ་[C:320]ཚོགས་སྙིང་ནི་ལྐོག་མར་ཕྱུང༌། །
ཕས་རྒོལ་གླང་ཆེན་འདར་བའི་ཁུར་འཛིན་ན། །
སྨྲ་ངན་རི་དྭགས་མ་ལུས་བག་ཡོད་གྱིས། །
རྣམ་དཔྱོད་སྤྲིན་སྔོན་འཐུགམཐུག་པོ་གཡོ་བའི་མཁར། །
ལེགས་བཤད་འབྲུག་སྒྲ་ཟབ་མོ་སྒྲགསབསྒྲགས་པའི་ཚེ། །
ལོག་སྨྲའི་བྱ་ཚོགས་སྙིང་ལ་མི་དགའ་ཡང༌། །
བློ་ལྡན་གཙུག་ཕུད་ཅན་རྣམས་གར་བྱེད་དོ། །
ཡིད་ཆེས་ལུང་གི་ཆུ་ཀླུང་མི་ཟད་པ། །
དངོས་སྟོབས་རིགས་པའི་རྦ་རླབས་གཡོ་བ་ཅན། །
ལེགས་བཤད་གང་གའི་རྒྱུན་དང་ཕྲད་པ་ན། །
ལོག་རྟོག་དྲི་མ་འཁྲུད་པ་ཆོས་ཉིད་ཡིན། །
དེ་དག་ནི་རྩོད་པ་སེང་གེའི་ང་རོས་ཕས་རྒོལ༌[B:༦༡] གྱི་གླང་ཆེན་སྨྱོན་པ་བརྟུལ་བའི་ཚུལ་ཆེ་ལོང་ཙམ་བརྗོད་པའི་གཏམ་གྱི་རྦ་རླབས་གྱེན་དུ་བསྐྱོད་པའི་རིམ་པའོ། །
སྡེབ་ལེགས་རྩོམ་གྱི་འཕྲེང་བས་མཁས་རྣམས་མགུ་བར་མཛད་པའི་གཏམ།
ད་ནི་རྩོམ་པ་ནོར་བུའི་འཕྲེང་བ་སྤེལ་ལེགས་སུ་བཀོད་པས་ཐུབ་བསྟན་གྱི་ནོར་འཛིན་བརྒྱན་པར་མཛད་པའི་ཚུལ་ཅུང་ཟད་བརྗོད་པར་བྱ་སྟེ། ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་ཀྱང་དཀའ་བ་དཔག་ཏུ་མེད་པས་བསྒྲུབས་པའི་དམ་པའི་ཆོས་ཡུན་དུ་གནས་པ་ནི། གསུང་རབ་མ་ལུས་པ་གླེགས་བམ་དུ་བཞུགས་པ་ལས་འབྱུང་བར་དགོངས་ནས་བཀའ་བསྡུ་བར་ལུང་བསྟན་ཏེ་གླེགས་བམ་ལ་བྲིས་པ་བཞིནདུ། ཉིད་ཀྱི་བསྟན་པའི་རྒྱུན་ཡུན་དུ་གནས་པའི་ཐབས་དང༌། ལྷ་དང་བླ་མའི་བཀའ་དྲིན་མི་སྐྱུད་པ་དང༌། དམ་པའི་ཆོས་སྲིད་ཞུར་མཛད་པ་དང༌། སྐལ་ལྡན་གྱི་སློབ་མ་བརྒྱུད་པ་དང་བཅས་པ་ལ་ཕན་པར་བྱ་བའི་ཕྱིར༌། བསྟན་བཅོས་མང་ཞིག་རྩོམ་པར་མཛད་དེ། ཐོག་མར་རྩ་བ་དང་བརྒྱུད་པའི་བླ་མ་རྣམས་ལ་གསོལ་བ་འདེབས་པའི་རིམ་པ་དང༌། སངས་རྒྱས་དང་བྱང་སེམས་མཁའ་འགྲོ་ཆོས་