R137: ཀུན་མཁྱེན་བཀྲ་ཤིས་རྣམ་རྒྱལ་གྱི་རྣམ་པར་མཐར་པ་ངོ་མཚར་གྱི་རྒྱ་མཚོ།

  • Pagination (Witness A): ༣༢ན
[A:༣༢ན]སྐྱོང་རྣམས་ལ་བསྟོད་པ་ལ་སོགས་པ་བསྟོད་ཚོགས་ཀྱི་སྐོར་མང་པོ་དང༌། ཐུབ་པའི་མཛད་པ་ལ་བསྔགས་པ་པདྨ་དཀར་པོའི་ཕྲེང་བ་དང༌། དགེ་དོན་གྱི་རྟོགས་བརྗོད་ལ་སོགས་པ་རྟོགས་བརྗོད་ཀྱི་སྐོར་དང༌། རྒྱལ་བའི་གསུང་རབ་སྤྱིའི་དགོངས་པ་ལ་འཇུག་པ། གྲུབ་མཐའ་ཤན་འབྱེད་རྒྱས་[C:321]འབྲིེང་བསྡུས་པ་གསུམ་དང༌། བཀའ་བར་པའི་དགོངས་པ་གསལ་བར་བྱེད་པ་ལ། ཕར་ཕྱིན་གྱི་ཊཱི་ཀ་ལུང་རིགས་འབྲུག་སྒྲ། དེའི་སྦྱོར་ཊཱིཀདོན་བདུན་བཅུ་པའི་ཟུར་བཀོལདབུ་མ་འཇུག་པའི་ཊཱི་ཀ་དང༌། མུ་བཞི་སྐྱེ་འགོག་གི་ཊཱི་ཀ་ལ་སོགས་པ་དང༌། གསུང་རབ་མ་ལུས་པའི་དོན་གྱི་ཆ་ལ་འཇུག་པ་ཚད་མ་རྣམ་འགྲེལ་གྱི་ཊཱི་ཀ་རིགས་ལམ་གསལ་བྱེད། དེའི་སྦྱོར་ཊཱིཀ་དང༌། བློ་རིགས་དང་རྟགས་རིགས་ཀྱི་ཟུར་བཀོལ་ལ་སོགས་པ་སྡེ་སྣོད་ཀྱི་ཊཱི་ཀ་མང་པོ་དང༌། ཀྱཻ་རྡོ་རྗེའི་སྤྱི་དོན་ནོར་བུ་རིན་པོ་ཆེའི་འཕྲེང་བ་ལ་སོགས་པ་རྒྱུད་སྡེའི་བཤད་པ་དང༌། ཚེ་གཅིག་ལ་སངས་རྒྱས་པའི་ལམ་གྱི་རིམ་པ་ལམ་འབྲས་བུ་དང་བཅས་པ་བཤད༌[B:༦༢] པའི་ཐབས་བདུད་རྩིའི་དགའ་སྟོན་དང༌། ལམ་འབྲས་ཀྱི་ཉམས་ལེན་སྙིང་པོར་དྲིལ་ནས་ལག་ཏུ་བླང་བའི་རིམ་པལམ་དུས་ཀྱི་བདག་འཇུག་ཟླ་བའི་འོད་ཟེར་ལ་སོགས་པ་ཟབ་གནད་ཀྱི་ཆོས་སྐོར་མང་པོ་དང༌། འཇིགས་བྱེད་རོ་ལངས་བརྒྱད་སྐོར་གྱི་སྒྲུབ་ཐབས་དང་ལས་གཤིན་གྱི་གཏོར་ཆོག །ཀཱ་མ་ལ་ཤི་ལས་མཛད་པའི་འཇམ་དབྱངས་དམར་པོ་གསུང་གི་སྒྲུབ་ཐབས་ཀྱི་འགྲེལ་པ་དོན་གསལ་སྣང་བ་སོགས་འཇམ་དབྱངས་སྨྲ་སེང་དང་དབྱངས་ཅན་མ་ཡབ་ཡུམ་གྱི་སྒྲུབ་ཐབས་ལས་ཚོགས་སོགས་འཇམ་དབྱངས་ཆོས་སྐོར་ཆ་ཚང་ཞིང་རྒྱས་པ་དང༌། ཨ་ར་པ་ཙའི་སྒྲུབ་ཐབས་ལས་ཚོགས་དང་བཅས་པ། དབྱངས་ཅན་མའི་སྒྲུབ་ཐབས་རྒྱས་བསྡུསཀུ་རུ་ཀུ་རུ་ལེའི་སྒྲུབ་ཐབས་རྒྱས་འབྲིང་