[A:༣༢བ]བསྡུས་པ་གསུམ། ཚོགས་བདག་དང་འདོད་རྒྱལ་གྱི་སྒྲུབ་ཐབས། རྣམ་སྲས་དང་ནོར་རྒྱུན་མའི་སྒྲུབ་ཐབས། ཕྱག་ན་རྡོ་རྗེ་འབྱུང་པོ་འདུལ་བྱེད་ལྷ་མང་གི་[C:322]མངོན་དཀྱིལ་དང༌། ལྷ་གཅིག་བསྒྲུབ་ཐབས་རྒྱས་འབྲིང་བསྡུས་གསུམ་ཆར་འབེབས
་སོགས་ལས་ཚོགས་དང་བཅས་པ། རྨེ་རྩེགས་དུད་ཀ་དང་ལྗང་གུའི་སྒྲུབ་ཐབས་གྲིབ་སེལ་གྱི་ལས་ཚོགས་དང་བཅས་པ། འོད་ཟེར་ཅན་གྱི་སྒྲུབ་ཐབས་ལས་རིམ་དང་བཅས་པ་རྒྱས་ཤིང་ཆོས་ཚན་མང་བ་དང༌། གུར་གྱི་མགོན་པོ་ལྷ་བཅུ་གཉིས་མ་ཚོགས་བདག་ལྟར་སྒྲུབ་པའི་ཐབས་རྒྱས་པ། གུར་ལྕམ་དྲལ་གྱི་བསྒྲུབ་ཐབས། གུར་མགོན་ཁྲོ་བཅུའི་བསྲུང་བཟློག་མཚོན་ཆ་འཁོར་ལོ་སོགས་ཆོས་སྐྱོང་གི་བསྒྲུབ་སྐོར་མང་པོ་དང༌། གུ་རུ་ཞི་དྲག་གི་སྒྲུབ་ཐབས་དང༌། རྟ་མགྲིན་ནག་པོ་ལྕགས་རལ་ཅན་གྱི་སྒྲུབ་ཐབས་སོགས་རྙིང་མ་ལ་རྟེན་བརྟེནཔའི་སྒྲུབ་ཐབས་འགའ་ཞིག་དང༌། གཞན་ཡང་སྒྲུབ་ཐབས་ཁ་ཐོར་བ་རེ་མང་དང་བཅས་པ་སྒྲུབ་ཐབས་ཀྱི་སྐོར་དང༌། བྷཉྫ་མ་དང༌། བདུད་རྩིའི་ཆུ་རྒྱུན་སོགས་བསྐང་གསོ་དང་གཏོར་ཆོག་རིགས་མི་འདྲ་བ་མང་པོ་དང༌། ལས་རྣམ་འབྱེད་ཀ་ལ་པིངྐའི་སྒྲ་དབྱངས་དང༌། ཟབ་ལམ་སྟོན་པའི་གཏམ་ཨའི༌[B:༦༣] དབྱངས་ངེས་པ་ཅན་གྱི་བྱ་དཀའ་ལ་སོགས་པ། ལས་རྒྱུ་འབྲས་སྟོན་པའི་ཆོས་སྐོར་དང༌། རང་ལ་བསྐུལ་བའི་སྙིང་གཏམ་སྙིང་གི་ལྕགས་ཀྱུ་ལ་སོགས་པ་ཞེན་བསྐུལ་གྱི་སྐོར་དང༌། རྡོ་རྗེའི་གསུང་མགུར་མང་པོ་དང༌། དད་པའི་ཕོ་ཉ་སོགས་ཆབ་ཤོག་གི་སྐོར་དང༌། སྔོབསྔོ་བ་སྨོན་ལམ་གྱི་སྐོར་དང་བཅས་པ་ཡོངས་སུ་དྲིལ་ན། བརྒྱད་སྟོང་པའི་ཚིག་གསུམ་འགྱུར་ལྷག་ཙམ་གྱི་ཚད་བདག་གིས་ཀྱང་རྙེད་ལ། ཕྱོགས་ཕྱོགས་སུ་འཐོར་བ་རྣམས་ནི་བསྡུ་བར་མ་ནུས་པས་དད་པ་དང་ལྡན་པ་དག་གིས་བཙལ་དགོས་སོ། །སླད་ནས་ཀྱང་གྲྭ་པ་རྣམས་ཀྱིས་དཔེ་མི་རྐུ་བ་ལ་[C:323]བསླབ་པར་བྱའོ། །དེ་ལྟ་