R137: ཀུན་མཁྱེན་བཀྲ་ཤིས་རྣམ་རྒྱལ་གྱི་རྣམ་པར་མཐར་པ་ངོ་མཚར་གྱི་རྒྱ་མཚོ།

  • Pagination (Witness A): ༣༣བ
[A:༣༣བ]ཞི་བའི་དབྱིངས་སུ་གཤེགས་པ་ན། ། སྟོན་པའི་ཞལ་སྐྱིན་བསྟན་བཅོས་འདི་ལགས་སོ། ། དེ་དག་ནི་རྩོམ་པ་སྡེབས་ལེགས་ཀྱི་འཕྲེང་བས་མཁས་པ་རྣམས་མགུ་བར་མཛད་དེ་བསྟན་པ་ཡུན་རིང་དུ་གནས་པའི་དགའ་སྟོན་སྤེལ་བའི་ཚུལ་ཆེ་ལོང་ཙམ་བརྗོད་པའི་གཏམ་གྱི་རྦ་རླབས་གྱེན་དུ་བསྐྱོད་པའི་རིམ་པའོ།། །།
བྱ་བ་ལས་ཀྱི་འཁོར་ལོས་རྟེན་དང་བརྟེན་པར་བཅས་པ་བསྒྲུབས་པའི་གཏམ། ད་ནི་བྱ་བ་ལས་ཀྱི་འཁོར་ལོ་ལ་བརྟེན་ནས། བསྟན་པའི་གཞི་རྟེན་དགེ་འདུན་གྱི་སྡེ་བསྐྱངས་ཤིང༌། སྐུ་གསུང་ཐུགས་ཀྱི་རྟེན་མཆོག་རྨད་དུ་བྱུང་བ་ལ་སོགས་པ་བཞེངས་པའི་ཚུལ་རྣམས་བརྗོད་པར་བྱ་སྟེ། ཐོག་མར་གསང་ཕུའི་མཐོང་སྨོན་གྲྭ་ཚང་གི་བདག་རྐྱེན་མཛད་དུས་གྲྭ་པ་བཅུ་གསུམ་ལས་མེད་ཀྱང་ཐུགས་རྗེའི་ཤུགས་ཀྱིས་ཆེས་ཤིན་ཏུ་དར་རྒྱས་སུ་གྱུར་པ་ལ། མཁས་པ་ཆེན་པོ་བྱང་ཆུབ་བློ་གྲོས་པ་དང༌། དྭགས་སྟོན་རིག་པའི་དབང་ཕྱུག་ཆོས་རྒྱལ་རིན་ཆེནསློབ་དཔོན་ལེགས་གྲུབ། རིགས་པའི་དབང་ཕྱུག་ཏི་ཕུ་གཡག་མགོར་གྲགས་པ་དཔལ་ལྡན་གྲགས། མཁས་པའི་དབང་པོ་རྣམ་རྒྱལ་རྡོ་རྗེ་བ་ལ་སོགས་པ་འཆད་ཉན་ལ་རིམ་པས་བསྐོས་ནས་བདག་པོའི་རྐྱེན་མཛད་པས། བསྟན་པ་ལ་ཕན་བདེ་ཟླ་མ་མཆིས་པར་གྱུར་ཏེ། དེང་སང་གི་བར་དུ་གསུང་རྒྱུན་ལ་འཆད་ཉན་རྒྱུན་མི་འཆད་པ་འདི་ཡིན་ལ། མ་དམད་པའི་རིགས་དང་མཁྱེན་པའི་སྤྱན་ཡངས་པས་ཐུགས་ཀྱི་སྲས་དམ་པར་གྱུར་པ་ཆོས་ཀྱི་རྗེ་རྗེ་བཙུན་པཤེལ་དཀར་ཆོས་སྡེའི་གདན་སར་བསྐོས་རྗེས། གྲྭ་ས་དེར་གཏོགས་པའི་ཀློག་པ་ཇི་སྙེད་[C:325]ཅིག་ཡོད་དོ་འཚལ་ཕྱོགས་ཅིགགཅིག་ཏུ་ཆོས་བར་ལ་བྱོན་ནས་ཐོས་བསམ་རྒྱ་ཆེར་སྤེལ་བའི་སླད་ཏུ་ཕུག་གསར་བྱ་བའི་དགེ་བའི་གནས༌[B:༦༥] དམ་པར་ཡུན་དུ་བཞུགས་པ་ལས་ཚོགས་པ་བརྒྱད་བརྒྱ་ཕྱིན་འདུས་པའི་འཆད་ཉན་ལ། བྱང་ཆུབ་སེམས་དཔའ་ཆེན་པོ་མཁས་པ་བྱང་བློ་བ་བསྐོས་པས། དུས་ཕྱིས་ཆོས་ཀྱི་རྗེ་