R137: ཀུན་མཁྱེན་བཀྲ་ཤིས་རྣམ་རྒྱལ་གྱི་རྣམ་པར་མཐར་པ་ངོ་མཚར་གྱི་རྒྱ་མཚོ།

  • Pagination (Witness A): ༣༦ན
[A:༣༦ན]པ་ལས་འགྱུར་པ་ཅི་ཞིག་སྲིད་དེ། རྡོ་ལ་བྲིས་པའི་རི་མོ་སུབསབསུབ་པར་དཀའ་བ་ཇི་ལྟ་བ་བཞིན་ནོ། །དེའི་ཕྱིར་ན་འདིར་ཆོས་ཉན་པར་འདུས་པ་དག་གནས་ཁང་གིས་འཕོངས་པར་གྱུར་ནས། ཆར་གྱི་འཇིགས་སྐྱོབ་དུཏུ་ཕྱེད་སྤྱིལ་གྱི་རྣམ་པ་རེ་ཙམ་བྱས་འདུག་པ་ལ། གཞན་གྱི་སྒྲོ་བཏགས་པའི་གཏམ་ལ་ཡིད་རྟོན་པར་མ་མཛད་ཅིག །ཅེས་བྱ་བ་ལ་སོགས་པ་ལྡེམ་པོ་དང་བྲལ་བའི་གསུང་འཇམ་ཞིང་ཡིད་ལ་བབ་པ་གསོང་པོར་བརྩལབསྩལ་ནས། མཆེད་གཉིས་པོ་བཀའི་སྒྲོ་བ་ལྷུག་པར་མཛད་དེ། ཟླ་བ་དགུ་པའི་ཚེས་བཅུ་ལ་ཞལ་རྣམ་པ་གཉིས་ལྷན་ཅིག་པར་ཞབས་དྲུང་དུ་ཐེགས་པའི་དུས་བསྒྲིགས། དེའི་རིང་ལ་[C:330]གསང་ཕུ་སོགས་ཡན་ཕྱིན་རྣམས་སུ་བུ་སློབ༌[B:༦༩] མཐའ་དག་ལ་བརྡ་འགྲིམས་མཛད་ནས། དུས་ངེས་ལ་མཆེད་རྣམ་པ་གཉིས་འདུས་པ་རྒྱ་མཚོའི་འཁོར་གྱིས་བསྐོར་ནས་ངང་པའི་ཚོགས་པད་མོའི་མཚོ་ལ་ལྡིང་བ་ལྟར་རྗེའི་དྲུང་དུ་བསྙེགས་པ་ན། ཐམས་ཅད་མཁྱེན་པ་དཔོན་སློབ་གྲོས་ནས་ཉན་པོར་ཕྱགས་ཕེབས་ཏེ། དབྱར་གནས་པ་ཞལ་གྱིས་འཆེས་པའི་ཞབས་པད་དབུའི་གཙུག་ཏུ་བརྟེན་པའི་བཀའ་དྲིན་ཐོབ་པོ། དེར་དཔོན་སློབ་དྲིལ་བས་དགེ་འདུན་གྱི་འདུ་བ་བདུན་བརྒྱ་ལ་ཉེ་བ་ཙམ་དམ་པའི་ཆོས་འཕེལ་བར་བཞུགས་པའི་སྐབས་སུ། དགོན་ས་གང་དུ་གནང་བར་ཡོད་པ་སོགས་བཀའི་སྒྲོ་བ་མཛད་པ་ན། ཐམས་ཅད་མཁྱེན་པ་ཆེན་པོའི་ཞལ་སྔ་ནས། "སྡེ་པ་རེ་རེས་དགོན་ས་འབུལ་བའི་ས་དམིགས་རེ་འདུག་ཅིང༌། ཁྱད་པར་རྒྱལ་ཆེན་རྩེའི་ཡར་ཁུགས་ན་ས་དམིགས་ཅུང་ཟད་ཁྲ་བ་ཞིག་འདུག་རུང༌། དེར་རྟེན་འབྲེལ་མི་འགྲིག་པར་འདུག །མཁར་རྩེ་བའི་ས་ཁུལ་སྒོ་ལའི་ཚུར་ཕྱོགས་ན། གོལ་མ་ཙཱ་ར་ཟེར་བ་ཞིག་འདུག་པ་