[A:༣༦བ]ལུང་པ་དེའི་ཕུ་ན་ཕ་དམ་པའི་བསྒྲུབ་གནས་བྲག་དཀར་ཤར་ནུབ་བྱ་བ་དང༌། དེའི་ཉེ་ལོགས་སུ་རྨ་རིན་ཆེན་མཆོག་གི་དགོན་པ་བཏབ་པའི་ཤུལ་ཀྱང་ཡོད་ཟེར་བས། ཁོ་བོ་ཡིད་དགའ་བ་ཅིགཞིག
་ཀྱང་བྱུང༌། མཁར་རྩེ་བས་ནི་སྔགས་པ་གཞན་ཡང་མང་པོ་བྱེད་འདུག་ཅིང༌། དེས་དགོན་ས་འོང་ན་འབུལ་བར་ཡོད་པ། ངེད་དཔོན་སློབ་ཚུར་རེས་དེར་ཞག་ས་གཅིག་བྱས་པ་ཡིན་རུང་ས་དཔྱད་ལེགས་ཉེས་སོགས་ཀྱང་མ་ལྟསབལྟས། ཁྱེད་རྣམས་ལ་དགུགསབསྒུགས་པ་ཡིན། ས་དཔྱད་སོགས་རྟེན་འབྲེལ་འགྲིག་པ་ཅིགཞིག་བྱུང་ནས་ཚིགས་ལ་འཕོག་པོ། ལྷ་ས་སོགས་དང་ཉེ་རིང་འཚམ་པོ་ཅིགཞིག་འོང་པར་འདུག་[C:331]པས། སློབ་དཔོན་དྭགས་དབོན་པས་སའི་དཔྱད་དང་དགོན་ས་འོང་མི་འོང་གཟིགས་པར་འབྱོན་དགོས"་གསུང་བའི་སྐབས་སུ། རིན་ཆེན་སྡིངས་ནས་རྟོགས་ལྡན་རྡོ་རྗེ་བཀྲ་ཤིས་པ་དཔོན་སློབ་གཉིས་ཆོས་འབྲེལ་ཞུ་བར་བྱོན་པ་ལ། རོང་སྟོན་ཆེན་པོའི་ཞལ་མངའ་ནས། ལམ་ཟབ་བླ་མའི་རྣམ་འབྱོར་ལ་སོགས་པའི་གསུང་ཆོས་བརྩལབསྩལ། རྟོགས་ལྡན་པ་སྤྲོ༌[B:༧༠] བར་མཛད་དེ། "ངེད་ལ་དགོན་ས་འབུལ་མི་མང་རབ་བྱུང་ཀྱངཡང༌། ཁྱེད་ཀྱིས་ཕྱོགས་དེ་ལེགས་པོ་རང་ཅིགཞིག་འདུག་ཟེར་བས། ཁྱེད་རང་དོ་ནུབ་འདིར་ཞུགས། སང་དྭགས་པོ་དབོན་པོ་བ་དགོན་ས་གཟིགས་པར་འབྱོན་པ་ཡོད་པས་སྡོངས་ལས་བྱོན"་གསུང་བའི་བཀའ་གནང་ནས་དེ་ནུབ་ཐེན། སང་དེ་བདག་ཉིད་ཆེན་པོ་འདི་དཔོན་སློབ་ལྔ་དང༌། རྟོགས་ལྡན་པ་སློབ་དཔོན་གཉིས་ཏེ་དཔོན་སློབ་བདུན་སྡོངས་བྱོན་ནས། དེ་ནུབ་རིན་ཆེན་སྡིངས་སུ་ཕེབས། སང་ཚ་བཞེངས་ཐོན་རྗེས་རྟོགས་ལྡན་པས་སའི་དཔྱད་དང༌། ཆུ་མིག་སྐྱེ་ལུགས་སོགས་ཐུགས་རྒྱུས་ཀྱི་སྟེངསསྟེང་ནས་ཞིབ་ཏུ་གཟིགས་པར་ཕུལ་བ་ལྟར་སྤྱན་ལམ་ལ་ཕབ། རིའི་རྩེ་རྣམས་དང་ལུང་པའི་མདོ་དང་གནས་དེ་ཉིད་ཀྱི་འཐིལ་དང་ལྡེབས་རྣམས་