[A:༣༧བ]འདོད་པ་འཇོ་བའི་གནས་ཡ་མཚན་ཅན་དགོན་ས་ཤིན་དུ་ལེགས་པ་ཅིགཞིག་འོང་བར་འདུག་གསུངས་པས་ཐུགས་དགྱེས་ཏེ། འོ་ན་མཁར་རྩེ་བ་ལ་སྐྱརབསྐྱར་ཞུས་དགོས་ཡོད། ས་དེ་མཁར་རྩེ་བས་དཔལ་གནས་པ་ལ་དམག་འཐེན་པའི་རྟེན་སོར་གནང་བ་ཡིན་འདུག་པས་དེའི་ས་ཚབ་གནང་བར་ཞུ་བ་[C:333]སོགས་དོག་འགྲོལ་དགོས་པས། ངེད་ཀྱིས་མི་ལ་ས་སློང་བར་བྱེད། ཁྱེད་ཀྱིས་ལྷ་འདྲེ་ལ་སློང་བར་མཛད་དགོས་གསུང་ནས་དེ་མ་ཐག་མཁར་རྩེར་ཐེགས་པས་བཞེད་པའི་དོན་འགྲུབ་སྟེ་ཉན་པོར་ཕེབས་ནས། བདག་ཉིད་ཆེན་པོ་འདི་ལ་ད་ལྟར་རང་བྱོན་ལས་ས་འདུལ་བར་དང་དགོན་པའི་རྨང་འདིངས་པར་མཛོད། ཅེས་བཀའ་སྩལ་བ་སྙན་གྱི་རྒྱན་དུ་མཛད་དེ། དཔོན་སློབ་བཅུ་གཉིས་ཐེགས་ནས། གཞན་རྣམས་རིན་ཆེན་སྡིངས་སུ་བཏང༌། རྗེ་ཉིད་ཀྱིས་ང་གཅོད་ཡུལ་བ་བྱེད་པ་ཡིན་གསུང་ནས་གཟིམས་ཁང་གོང་མའི་ས་ཡུལ་དེར་ཆ་ཐེར་ཕུབ་ནས་བཞུགས་ཤིང་ས་བརྟུལ་ཏེ། ཤིང་མོ་ཡོས་ཀྱི་ལོ་ཧོར་ཟླ་བཅུ་པའི་ཚེས་ཉི་ཤུ། རེས་གཟའ་ཕུར་བུ་དང༌། རྒྱུ་སྐར་རྒྱལ་སྟོང་འཛོམ་པའི་དུས་སྦྱོར་ཕུན་སུམ་ཚོགས་པ་ལ། རྒྱུད་སྡེ་ལས་གསུངས་པའི་སའི་ཆོ་ག་ཕྱིན་ཅི་མ་ལོག་པར་མཛད་ནས། སྦོམས་རྟ་བཙུགས་ཏེ་ས་ཐིག་མཛད་པ་ལ་ཕྱོགས་པའི་ཚེ། རྟོགས་ལྡན་རྡོ་བཀྲས་པ་རྟེན་འབྲེལ་བསྒྲིག་པར་བྱོན། ཞབས་ལ་གཏུགས་པའི་ཕྱག་མཛད་དེ། གསོལ་ཞལ་སྡེར་གཉིས་ནས་དཀར་མོ་འབྲུ་བཟང་གིས་བཀང་བ་དང༌། གཏོར་ཐེབ༌[B:༧༢] གཉིས་རིན་པོ་ཆེ་དང་སྨན་སྣ་བཟང་པོས་བཀང༌། དར་སྣ་ཚང་དང་བཅས་ཕྱག་ཏུ་ཕུལ་ཏེ། ངེད་རིན་ཆེན་སྡིངས་ནས་ཡིན། མིང་ལ་རྡོ་རྗེ་བཀྲ་ཤིས་ཟེར་བ་ལགས་ཟེར་བ་ལ། ཐུགས་ཤིན་ཏུ་དགྱེས་ནས། རྟེན་འབྲེལ་ལེགས་གསུང་བའི་སྐབས་སུ།
མོ་དབེན་དུད་ཅིག་པོ་དེའི་ཁྱིམ་བདག་ཁམ་འབྲོག་གི་ཆ་ལུགས་བྱས་པ་ཞིག་གིས་ཇ་བག་ཅིག་དང༌། ཞོ་རྫ་ཅིགཞིག་