[A:༣༩བ]སློབ་བྱིན་དེས་ནཱ་ལེནྡྲ་ཉིད་དུ་སླེའུ་ལྡིང་སོགས་ལ་བརྟེན་ནས་བཞུགས། འདུ་ཁང་གི་རྒྱ་ཁྱོན་རྗེའི་ཐུགས་བཞེད་དང་བསྟུན། བྱང་ཕྱོགས་ནས་ཀ་ཚར་གཉིས༌[B:༧༥] བསྐུམ་སྟེ་ཀ་བ་བརྒྱད་བཅུའི་ས་ཡུལ་མཛད། གྲོ་ཉན་གླང་གསུམ་གྱིས་ཚེགས་རྡོ་བསགས་ནས་འདུ་ཁང་གི་ཕྱོགས་རེ་སྒྲུབསབསྒྲུབས། ཕྱོགས་གཅིག་མཁར་རྩེ་བས་བསྒྲུབས་པས་ཐོག་སོར་ལོངས། གཟིམས་ཁང་གི་ཤིང་རྩི་ལོགས་བྲིས་མ་གཏོགས་ཚར། སྟོན་སོ་ཚུན་ལ་བྲན་ཁང་ཀྱངཡང་བརྒྱ་བུད་པ་ཙམ་ཐེབས། དེ་ནས་བཟུང་སྟེ་དབྱར་ཆོས་དགུན་ཆོས་ཀྱི་སྒྲིགས་ལ་སོགས་པ་གསང་ཕུ་ནེའུ་ཐོག་ཇི་ལྟ་བ་བཞིན་བཛད་པས་དེ་མ་ཐག་ནས་དགེ་འདུན་བརྒྱད་བརྒྱ་ཙམ་འདུས།
དུས་ཕྱིས་ནི་དབྱར་ཆོས་སོགས་ལ་སྟོང་རེ་ཅན་ཙམ་དང༌། མང་ཚོགས་ལ་ཉིས་སྟོང་ཙམ་ཚོགས་ཏེ། དམ་པའི་ཆོས་ཀྱི་དགའ་སྟོན་ལ་ལོངས་སྤྱོད་པར་མཛད་དོ། །
ཀློག་པའི་རྒྱན་ལྡན་གཙུག་ལག་ཁང་ཆེན་ནི། །
སངས་རྒྱས་སྲས་དང་བཅས་པས་ཡོངས་གང་བ། །
ཐུབ་བསྟན་ཡུན་དུ་གནས་པའི་རྩ་ལག་མཆོག །
རབ་འབྱམའབྱམས་ཕན་བདེའི་གཞི་དང་རྟེན་དུ་བསྒྲུབས། །
ཨ་ཤངྠ་ཡི་ཤིང་གིས་མ་རྒྱན་ཞིང༌། །
དབུས་འགྱུར་ཆང་ལས་[C:338]བྱང་དུ་རབ་བསྐྱོད་ཀྱང༌། །
རྡོ་རྗེའི་གདན་དང་ཐ་དད་མ་ཡིན་པའི། །
ཆོས་ཀྱི་མདུན་ས་འདི་ཀྭེ་རྨད་དུ་བྱུང༌། །
སྐྱོབ་པ་ཉིད་གཟིགས་ཤཱཀྱའི་རྒྱལ་མཚན་དང༌། །
འཇམ་པའི་དབྱངས་དངོས་བཀྲ་ཤིས་རྣམ་པར་རྒྱལ། །
བློ་ལྡན་དགྲ་བཅོམ་མང་པོས་ཡོངས་བསྐོར་ནས། །
དམ་ཆོས་སྒྲོག་པའི་གནས་མཆོག་འདི་ངོ་མཚར། །
དེ་ལྟར་ཡབ་སྲས་ལྷན་ཅིག་པས་གདུལ་བར་བྱ་བ་རྣམས་སྨིན་པར་མཛད་ཟིན་ནས། རོང་སྟོན་ཐམས་ཅད་མཁྱེན་པ་རྣམ་པར་གྲོལ་བ་ཆོས་ཀྱི་དབྱིངས་སུ་སྙོམས་པར་ཞུགས་པ་ན། གདུང་མཆོད་གསོལ་གདབ་ཀྱི་རིམ་པ་བསམ་གྱིས་མི་ཁྱབ་པ་དང༌། དབུས་གཙང་གི་ཆོས་སྡེ་མཐའ་དག་ཏུ་དགོངས་