[A:༤༠ན]རྫོགས་རྒྱ་ཆེན་པོ་བསྒྲུབས། གཞལ་དུ་མེད་པའི་སྐུ་གདུང་རིན་པོ་ཆེ་གཟིམས་ཁང་གོང་ཉིད་དུ་བཞུགས་པར་བརྩམས་ཏེ། གཟིམས་ཁང་འོག་ཏུ་སྐར་ཕིབས་ཆེ་ཆུང་འབུབས་རྒྱུའི་ཤིང་བཟོ་ཚར་བ་ཉིད་ མའི་སྟེང་དུ་ཚོམས་ཆེན་སྐར་ཕིབས་དང་བཅས་བྱང་དུ་ཀ་བཞི་མ་ཤར་ནུབ་སོགས་མཛད། [B:༧༦] སྐུ་གདུང་རིན་པོ་ཆེ་དྲི་བཟང་དང་དར་ཟབ་ལ་སོགས་པས་ཀླུབསབཀླུབས་ནས་ཙནྡ་དཀར་པོ་ལས་བྱས་པའི་སྒམ་དངུལ་གྱིས་ཤན་པའི་ནང་དུ་བཞུགས་སུ་གསོལ་བས། ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེར་གནས་གྱུར་ཏེ་རིང་སྲེལ་གྱི་གོང་བུས་སྤྲས་པ་དེ་ཉིད་ཀྱི་བཞུགས་ཁང་དུ་གསེར་དངུལ་ལས་གྲུབ་པའི་བྱང་ཆུབ་ཆེན་པོའི་མཆོད་རྟེན་བུམ་པའི་ཕྱོགས་བཞིར་སྒོ་དང་སྒོ་རྒྱན་གྱིས་མཛེས་པར་བྱས་པའི་མདུན་མར་སྐུ་འདྲ་རིན་པོ་ཆེ་ཕྱག་ནས་མ་དང་སེང་ཁྲི་ལ་བཀའ་སྲུང་དང་ནོར་ལྷའི་སྐུ་བཞུགས་ཤིང༌། ནོར་བུ་རིན་པོ་ཆེ་སྣ་ཚོགས་པས་བརྒྱན་པ་མཐོ་བཅོ་ལྔ་པ་འདི་ནཱ་[C:339]ལེནྡྲ་ཉིད་དུ་བསྒྲུབས། སོལ་བ་སོགས་ཉེར་སྤྱད་སྒྲུབ་སླ་བ་ལ་དགོངས་ཏེ། ལྷ་ཆེན་བསྒྲུབ་ས་ཐོག་མར་འུ་ཤང་རྡོར་མཛད་བཞེད་པས། བྱ་ལོ་ཟླ་བ་བརྒྱད་པ་ལ་སྐྱིད་ཤོད་ཕྱོགས་སུ་ཐེགས། ཚེས་བཅོ་ལྔ་ནས་འུ་ཤང་རྡོར་ཐུགས་དམ་གཏོར་སྒྲུབ་གཙུགས་ཏེ་མཁའ་འགྲོ་ཆོས་སྐྱོང་ཡོང་ལ་འཕྲིན་ལས་བསྐུལ་བས་དགོས་དགུ་ཅོག་ཆར་བཞིན་དུ་བབ། རིག་བྱེད་པ་གླེའུ་ཆུང་ནས་སྤྲུལ་སྐུ་བསོད་རྒྱལ་བ་དང་བཀྲས་ཚུལ་བ་སྐུ་མཆེད་ཀྱིས་ཐོག་དྲངས། གསེར་སྐུ་བ་བཅུ་བདུན། མགར་བ་བཞི། ལྷ་བྲིས་པ་གཉིས། ཟངས་མགར་བ་གཉིས་ཏེ་བཟོ་རིགས་ཀྱི་ལག་ལེན་ཐུབ་པ་ཉི་ཤུ་རྩ་ལྔ་བྲན་དང་བཅས་པ་གསགསབསགས་ནས་ཟས་སྐོམ་དང་གནང་བྱིན་གྱ་ནོམ་པ་མཛད་དེ། གུང་ཐང་གི་ལྷ་ཆེན་དཔལ་འབར་ལ་ཚད་བླངས་པའི་རུས་ཤིང་ཚུགས་ཤིགས་པ་ལ་སོགས་པའི་བཀའ་བཀོད་གནང་བ་ན། གཟི་ཀུན་སྤར་