[A:༤བ]
མཛད། །
རྒྱལ་སྲས་ཟླ་བ་ལས་བྱུང་ཕན་བདེ་ཡི། །
འོད་དཀར་ཡུམ་གྱི་གདུང་བ་འཕྲོག་བྱེད་པ། །
ཏིང་འཛིན་བསིལ་འོད་སྐྱེ་དགུ་ཀུན་དའི་གཉེན། །
རྨད་བྱུང་སྣང་གསལ་འདི་ཀྭེ་ཨ་ལ་ལ། །
སྐུ་བལྟམས་ཤིང་གཞོན་ནུའི་རོལ་རྩེད་མཛད་པའི་གཏམ།
དེ་ལྟར་ཡུམ་གྱི་ལྷུམས་སུ་ཟླ་བ་དགུའི་འམ། བཅུའི་བར་དུ་བདེ་བར་བཞུགས་ནས༌། ས་ཕོ་སྟག་འབྲུ་མང་པོའི་ལོ། དབྱར་ཟླ་ར་བ་ས་གཞི་སྔོ་གཞོན་ནུ་མས་གང་བས། མརྐཏ་མརྒད་ཀྱི་གོས་གྱོན་པ་ལྟར་སྣུམ་ལ་ལྗང་བས་མཛེས་པར་བྱས་པའི་དུས་དགེ་བ་ལ་ཡུམ་ལ་གནོད་པ་མེད་ཅིང་[C:262]བདེ་བར་བཙའ་བའི་མཛད་པས། སྐྱེ་དགུ་མ་ལུས་པ་ཡིད་མགུ་བར་མཛད་ཅིང༌། ཡབ་ཀྱིས་རིག་སྔགས་འཆང་བའི་དབང་པོར་འགྱུར་བར་དགོངས་ནས། མཚན་སྔགས་པ་ཞེས་བྱ་བར་བཏགས་སོ། །བལྟམས་ནས་སྐུ་སྐྱེད་བསྐྲུན་པའི་ཚེ་ནའང་གཞན་བས་གསོ་སླ་ལ་སྐུ་སྐྱེད་ཆེ་ཞིང་སྙུང་གཞི་དཀོན་པ་སོགས༌། ཞབས་འབྲིང༌[B:༡༤] པ་རྣམས་ངལ་དུབ་ལས་སྐྱོབ་པར་མཛད་ལ། གསུང་བྱོན་པའི་དང་པོར་ཀྱངཡང་བླ་མ་བླ་མ་ཞེས་གསུངས་པར་གྲག་གོ། །བྱིས་པའི་སྤྱོད་པས་རྩེད་མོ་སོགས་མཛད་པའི་ཚེ་ནའང་ཐ་མལ་པའི་སྤྱོད་པ་དོར་ནས། ཆོས་ཁྲི་བརྩིག་པ་དང་རྡེའུ་སོགས་གྲལ་ལ་བསྒྲིགས་ནས་དགེ་འདུན་གྱི་ཚོགས་ལ་གདུགས་ཚོད་ཞུ་བའི་ཚུལ་དང༌། སཱ་ཚ་སོགས་གྲལ་ལ་བཀོད་ནས་རྟེན་གསུམ་ལ་མཆོད་པ་འབུལ་བའི་ཚུལ་དང༌། བྱིས་པའི་ཚོགས་མང་པོ་བསྡུས་པའི་དབུས་སུ་ཉིད་རང་ཆེས་མཐོ་བའི་སར་བཞུགས་ནས་ཆོས་གསུང་བ་དང་ཡོན་བསྔོ་བའི་ཚུལ་དང༌། རྡོ་རྩེ་རྒྱལ་ཅན་གང་རྙེད་གཏོར་མའི་ཚུལ་དུ་བསྒྲིགས་ནས། རྡོའམ་ཤིང་བུའི་རྔ་ལ་རྔ་ཡོག་བསྣུན་པའི་རྣམ་པས་གདངས་དབྱངས་དང་བཅས་ཏེ་ཆོས་སྐྱོང་བའི་བསྲུངསསྲུང་མ་མཆོད་པའི་རྣམ་འགྱུར་ལ་